《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月21日

ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་བཏང་ནས་ཕྱུག་འགྱུར་ལམ་བུར་བསྐྱོད།

ཀོང་པོ་རྒྱ་མདའ་རྫོང་དུ་བཅར་འདྲི་ཚོགས་ཆུང་དང་བཅས་པས་ས་གནས་དེ་གའི་གྲོང་མི་དང་མཉམ་དུ་ཚང་ཚིང་ནགས་གསེབ་ཏུ་བསྐྱོད་དེ་རང་བྱུང་ཁམས་ཀྱི་གནང་སྦྱིན་ཆེན་པོ་ཉམས་སུ་མྱངས། རྐང་ཐང་མར་ནགས་གསེབ་ཏུ་སྐྱོད་སྐབས་མི་རྣམས་ལ་བློ་བག་ཡངས་པའི་སྣང་བ་ཞིག་ངང་གིས་སྦྱིན། དེ་ནས་ས་ལ་ཟགས་པའི་ལོ་འདབ་སྟུག་པོའི་ཁྲོད་ནས་བེ་ཤ་བཙལ་བ་དང་ནགས་ཁྲོད་ཀྱི་རྩ་ཆེའི་དངོས་པོ་དེ་དག་གིས་མི་རྣམས་ལ་སྤྲོ་བ་ཟམ་མི་ཆད་པར་སྤྲད། སླེལ་པོ་ཁྱེར་ཏེ་ཆིང་ཀང་ནགས་ཁྲོད་ནས་ཀོ་ཤ་སོས་པ་བཏུས་པ་ལས་ཞིང་པ་མི་གསར་གྱི“རི་ཁའི་ལྟོ་རྟེན་རི”ཡིན་པའི་སྤྲོ་སྣང་དངོས་སུ་མྱོང་ཚོར་བྱུང་།

རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག ནགས་ཁྲོད་དུ་ཡུལ་སྐོར་དང་། ནགས་ཁྲོད་དུ་འཐུ་བསྡུ། ནགས་ཁྲོད་དུ་གསོ་ཚགས། ནགས་ཁྲོད་དུ་འདེབས་འཛུགས་སོགས་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་སྐྱེ་ཁམས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཐོན་ཁུངས་བེད་སྤྱོད་གང་ལེགས་དང་། སྲིད་ཇུས་ཀྱི་རོགས་སྐྱོར་དང་ཁྲིད་སྟོན། མ་དངུལ་སྣ་མང་གཏོང་བ། ཚན་རྩལ་གསར་གཏོད་ཀྱིས་སྐུལ་ཁྲིད་བཅས་ལ་སྣང་ཆེན་བྱས་ནས་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དེ་མི་སེར་གྱི་དངུལ་ཁུག་ལྗིད་ཏིག་ཏིག་ཆགས་པའི་འབབ་ཁུངས་ཡག་ཤོས་སུ་འགྱུར་བར་བྱས་ཡོད།

ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་བྱུང་ཞིང་། “རི་སྔོན་ཆུ་དྭངས”ལས“གསེར་རི་དངུལ་རི”སྐྱེད་སྲིང་བྱས་པ་དང“གསེར་རི་དངུལ་རི”ཡིས“རི་སྔོན་ཆུ་དྭངས”སྐྱོང་བཞིན་ཡོད། ནགས་དར་དམངས་ཕྱུག་གི་བྱེད་ཐབས་འདི་ལྟ་བུས་མི་རྣམས་ཀྱི་རེ་བའི་ཞིང་སར་གཡུར་ཟའི་འབྲས་བཟང་སྨིན་ངེས།