《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月21日

མངོན་མིན་རིག་གནས་ཤུལ་བཞག་གི་ངོ་མཚར་ལ་རོལ།

ཟླ་10ཚེས་18ཉིན། ལྷ་སའི་རྫོང་རྒྱབ་ཀླུ་ཁང་དུ“སེ་འབྲུའི་མེ་ཏོག་བཞད། རྡོག་རྩ་གཅིག་ཏུ་བསྒྲིལ”——ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱས་པའི“མངོན་མིན་རིག་གནས་ཤུལ་བཞག རྒྱུན་འཛིན་ཚང་མར་རག་ལས”ཞེས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲུབ་འབྲས་དང་རིག་རྩལ་སྐོང་འཁྲབ་བྱེད་སྒོ་སྤེལ་ཞིང་། ད་རེས་ཀྱི་བྱེད་སྒོ་ལས་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་དང་། འཁྲབ་སྟོན། ཉམས་ལེན། ཉོ་སྒྲུབ་བཅས་ལ་བརྟེན་ནས་གྲོང་མི་དང་ཡུལ་སྐོར་བ་རྣམས་ལ་རིག་གནས་ཀྱི་སྟོན་མོ་གྲ་རྒྱས་པོ་ཞིག་བཤམས་ཏེ། ཀུན་ལ“མངོན་མིན་རིག་གནས་ཤུལ་བཞག་གི་མཛེས་པར”རོལ་བ་དང་། “མངོན་མིན་རིག་གནས་ཤུལ་བཞག་གི་རོ་བཅུད”མྱོང་བ། “མངོན་མིན་རིག་གནས་ཤུལ་བཞག་གི་སྤྲོ་སྣང”ལ་རོལ་བ་བཅས་བྱུང་ཡོད།

↑ འདི་ནི་མངོན་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན་བྱ་ཡུལ་ཡིན་པ།

← འདི་ནི་ཅིང་ཅུས་ཟློས་གར་དང་ལྷ་མོའི་འབག་གི་ཚོན་གཏོང་སྟངས་ཉམས་ལེན་ཁུལ་དུ་གྲོང་མིས་ཚོན་གཏོང་སྟངས་སྦྱོང་བཞིན་པ།