《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月21日

“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

རང་ལྗོངས་ཀྱིས་སྔ་རྗེས་སུ་ལས་བྱེད་པ་ཁྲི་27.5གྲོང་ སྡོད་ལ་མངགས་གཏོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཚེས་18ཉིན། གསར་འགོད་པར་རང་སྐྱོང་ལྗོངས་ཀྱིས་འཚོགས་པའི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2011ལོར་རང་སྐྱོང་ལྗོངས་ཀྱིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་ཚུན། སྔ་རྗེས་སུ་ལས་བྱེད་པ་ཁྲི་27.5གྲོང་སྡོད་ལ་མངགས་གཏོང་བྱས་ཤིང་། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་200ལྷག་ཙམ་བཏང་སྟེ་གྲོང་ཚོ(གྲོང་ལྷན)5594ལ་ཕན་པ་རྒྱུན་མཐུད་ཐོབ་པ་དང་། ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

ལས་བྱེད་པ་གྲོང་སྡོད་ལས་དོན་སྤེལ་ཚུན། རང་ལྗོངས་ཀྱིས་གོང་མས་འོག་མར་སྣེ་ཁྲིད་དང་དཔེ་སྟོན་སྐུལ་འདེད་མཐའ་འཁྱོངས་དང་། ཚན་རིག་དང་མཐུན་པར་འདེམས་གཏོང་དང་བཀོད་པ་ལེགས་གཏོང་མཐའ་འཁྱོངས་བྱས་ཤིང་། རང་སྐྱོང་ལྗོངས་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། གྲོང་སྡོད་ལས་དོན་གྱི་སྤྱི་ཁྱབ་རུ་སྣེ་ཁྲིད་མཁན་ཧྲག་འདེམས་བྱས་པ། ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་གྲོང་སྡོད་ལས་དོན་གྱི་གནས་སྐབས་ཏང་ཀྲི་པུའུ་བཙུགས་པ། གཅིག་གྱུར་འགོ་ཁྲིད་དང་། འཁོར་སྐྱོད་ནུས་ཆེ། དངོས་སྒྲུབ་གོ་ཆོད་བཅས་ཀྱི“རྫོང་རེར་གྲོང་སྡོད་རུ་སྣེ་ཁྲིད་མཁན་རེ་ཡོད་པ་དང་། ཤང་རེར་གནས་སྐབས་ཀྲི་པུའུ་རེ་ཡོད་པ། གྲོང་ཚོ་རེར་ཧྲུའུ་ཅི་དང་པོ་རེ་ཡོད་པ”བཅས་ཀྱི་གྲོང་སྡོད་ལས་དོན་མ་ལག་བཙུགས་ཡོད། མིག་སྔར་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པའི་གྲོང་སྡོད་ལས་དོན་རུ་ཁག་གིས་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་ཡུལ་གཞན་ནས་གནས་སྤོས་བཀོད་སྒྲིག་བྱས་པའི་གྲོང་ཚོར(སྡེ་ཁུལ)ལ་འདེམས་གཏོང་བྱེད་ཚད་100%ཟིན་པ་དང་། ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་གཙོ་གནད་རོགས་སྐྱོར་བྱ་ཡུལ་ཤང་དང་གྲོང་རྡལ་དང་། གྲོང་ཚོར་འདེམས་གཏོང་བྱེད་ཚད་100%ཟིན་པ། ལྗོངས་ཐད་གཏོགས་ཚན་པའི་གྲོང་སྡོད་ལས་དོན་གྱི་སྤྱི་ཁྱབ་རུ་སྣེ་ཁྲིད་མཁན་གྱིས་གཙོ་གནད་རོགས་སྐྱོར་བྱ་ཡུལ་ཤང་དང་གྲོང་རྡལ་གནས་ཡུལ་གྱི་རྫོང(གྲོང་ཁྱེར་དང་ཆུས)ལ་མངགས་གཏོང་བྱེད་དགོས་རིགས་གང་ཐུབ་ཅི་ཐུབ་ཀྱིས་མངགས་གཏོང་བྱས་ཡོད། “གྲོང་སྡོད་ལས་བྱེད་པ་དང་གྲོང་ཚོ་རིམ་པའི་སྟོབས་ཤུགས་ཟུང་དུ་འབྲེལ་བའི”བྱེད་སྟངས་སྤྱད་དེ་གཞི་རིམ་གྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་གྲོང་ཚོའི(སྡེ་ཁུལ)གཞི་ཁྱོན་དང་ཏང་རྩ་འཛུགས་ཀྱི་རིགས་སོགས་ལ་གཞིགས་ནས“3+X”དང“2+X”ཡི་གྲོང་སྡོད་བྱེད་སྟངས་གཞིར་བཟུང་། ཚན་རིག་དང་མཐུན་པའི་སྒོ་ནས་ལས་ཀའི་སྟོབས་ཤུགས་བཀོད་སྒྲིག་བྱས་ཡོད་པ་རེད། ལས་འགན་འཁུར་ཡུན་གཞིར་བཟུང་ལས་བྱེད་པའི་གྲོང་སྡོད་ལས་དོན་གྱི་ཇུས་གཞི་དང་ལས་དོན་གྱི་མཛུབ་ཁྲིད་འཆར་འགོད་བཟོས་པ་དང་རྒྱུན་རྣམ་ཅན་གྱི་བརྟག་ཞིབ་མཛུབ་ཁྲིད་བྱས་པས། “གཟའ་འཁོར་རེར་བཀོད་གཏོང་ཐེངས་རེ་བྱེད་པ་དང་། ཟླ་རེར་བརྡ་ཁྱབ་ཐེངས་རེ་གཏོང་བ། དུས་ཚིགས་རེར་སྐོང་འདྲི་ཐེངས་རེ་བྱེད་པ”བཅས་ཀྱི་དོན་འཁྱོལ་ལམ་སྲོལ་ཆགས་ཏེ། འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི“མཉམ་ཤུགས་ཤིག”གཅིག་ཏུ་འདུས་ཡོད་པ་རེད།

རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་གཞི་རིམ་ཏང་འཛུགས་སྐྱོང་གི་སློབ་སྟོན་པ་ཡག་པོ་བྱས་ཏེ་གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”དང་མཉམ་དུ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཉམས་མྱོང་མཉམ་སྤྱོད། ཐབས་ཇུས་མཉམ་གྲོས་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་པ་དང་། གྲོང་ཚོའི་ལས་བྱེད་པ་རིམ་ཁག་ཏང་གི་སློབ་གྲྭ་དང་ལྗོངས་ཕྱིར་གསོ་སྦྱོང་ལ་ཧུར་ཐག་བཏང་བ། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་སོགས་གྲོང་ཚོ་རིམ་པའི་སྟོབས་ཤུགས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ནང་མིང་བཏོན་འདེམས་བསྐོ་བྱས་པ། གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ་དང་ཞིང་འབྲོག་ཏང་ཡོན་གསོ་སྐྱོང་ཤུགས་ཆེན་བྱས་པ། “དམ་འཛིན་གཅིག་དང་སྐུལ་འདེད་གཉིས”ཀྱི་ལས་དོན་ཡག་པོ་སྒྲུབ་པར་གཞོགས་འདེགས་བཅས་བྱས་ནས་གཞི་རིམ་གྱི་རྨང་གཞིའི“མཁར་རྫོང་གཅིག”བརྟན་དུ་བཏང་ཡོད། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ལ་གཞོགས་འདེགས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་འཕྲལ་སྡོམ་སྔོན་ཇུས་བཟོ་བ། བྱ་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། འགལ་ཟླ་དང་རྩོད་གཞི་དུས་ཐོག་ཏུ་འདུམ་འགྲིག་དང་ཐག་གཅོད་བྱེད་པ། ཡུལ་བབ་དམངས་འདུན་འཚོལ་བསྡུ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི“སྲུང་བཅད་དང་པོ”བརྟན་དུ་བཏང་བ་རེད། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་ཡག་པོ་ཞིག་བྱས་ཏེ། མཉམ་ཤུགས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏིང་ཟབ་གཏོང་བ། དམངས་ལ་བྱ་བ་དངོས་སྒྲུབ་པའི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་བ་བཅས་བྱས་ནས་གངས་ལྗོངས་ས་མཐོའི“ཕྱོགས་གཅིག་གི་མི་སེར”ལ་བདེ་སྐྱིད་བསྐྲུན་པ་རེད།

རང་སྐྱོང་ལྗོངས་ཀྱིས་བཅའ་སྡོད་བྱ་ཡུལ་གྲོང་ཚོའི(གྲོང་ལྷན)རིགས་ཁུལ་ལ་གཞིགས་ནས་འཚོ་བའི་ཁ་གསབ་སྤྲོད་པ་དང་། བཅའ་སྡོད་མ་བྱས་གོང་ལ་གཟུགས་པོར་བརྟག་དཔྱད་བྱེད་པ། མྱུར་སྐྱོབ་སྨན་སྒམ་སྤྲོད་པ། འགྲིམ་འགྲུལ་གྲོན་དངུལ་སྤྲོད་པ། ཚོགས་པའི་བསམ་ཡུལ་ལས་འདས་པའི་མི་ལུས་གནོད་འཚེའི་འགན་བཅོལ་ཉོ་བ། བཅའ་སྡོད་གྲོང་ཚོའི་ས་བབ་ཀྱི་ཧེ་བག་ལ་གཞིགས་ནས་ངལ་གསོ་བཀོད་སྒྲིག་གི་སྲིད་ཇུས་བཟོ་བ་བཅས་བྱས་ཡོད། གྲོང་སྡོད་ལས་བྱེད་པས་གསོ་རླུང་སྤྱོད་པའི་ལས་དོན་ལ་འགན་ལེན་བྱེད་པའི་ལག་བསྟར་བསམ་འཆར་བཏོན་ནས་གྲོང་སྡོད་ཀྱི་ལས་ཀ་དང་འཚོ་བའི་ཆ་རྐྱེན་རིམ་བཞིན་ལེགས་སུ་བཏང་བ་དང་རྒྱབ་སྐྱོར་འགན་ལེན་གྱི“བྱ་ཐབས་ཁག་གཅིག”ལག་བསྟར་བྱས་ཡོད། གྲོང་སྡོད་ཀྱི་ལས་གནས་དེ་ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་བྱེད་སའི་ལས་སྟེགས་གལ་ཆེན་ཞིག་ཏུ་བརྩིས་ནས་ཕུལ་བྱུང་ལས་བྱེད་པ་འབོར་ཆེན་ཞིག་གྲོང་སྡོད་ཀྱི་ལས་གནས་ཐོག་འཚར་ལོངས་ཡོང་བར་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི“དཔྱིད་ཀྱི་ཆུ་བོ”རྒྱས་ཐབས་བྱས་ཡོད། “ངེས་པར་དུ་བྱེད་དགོས་པ་དྲུག”དང“བྱེད་མི་ཆོག་པ་བདུན”གྱི་གྲོང་སྡོད་ལས་དོན་གྱི་བསྲུང་བྱ་དང་། 《དོ་དམ་བྱ་ཐབས》 《བདེ་འཇགས་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་ཐབས》 《ཕྱོགས་བསྡུས་དཔྱད་ཞིབ་བྱ་ཐབས》སོགས་བཟོས་ནས། གྲོང་སྡོད་ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་མུ་མཐུད་འགྲོ་བར་སྐུལ་འདེད་བཏང་སྟེ་ཏང་ཡོན་ལས་བྱེད་པའི“དར་ཆ་གཅིག”བཙུགས་ཡོད་པ་རེད།

ཡོངས་བསྒྲགས་ཚོགས་འདུའི་ཐོག་ལྗོངས་ཏང་ཨུད་རྩ་འཛུགས་པུའི་གསར་འགྱུར་མགྲིན་ཚབ་པས་ད་དུང་གྲོང་སྡོད་རེས་སྐོར་དང་གྲོང་སྡོད་ལས་བྱེད་པས་དམངས་ཆེད་བྱ་བ་དངོས་སྒྲུབ་པ་དང་། དེ་བཞིན་གྲོང་སྡོད་ལས་བྱེད་པར་དཔྱད་ཞིབ་སོགས་ཀྱི་གནད་དོན་སྐོར་ནས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

(ཉི་དོན་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)