མོ་རོ་ཁོའི་མ་ལ་ཁེ་ཧྲི་གྲོང་ཁྱེར་གྱི་ལྟེ་གནས་སུ་གནས་པའི་ཏི་ཅི་མ་ཐང་ཆེན་ནི་གོ་ལ་ཧྲིལ་པོར་ད་དུང་སྤྱོད་བཞིན་པ་དང་འཛམ་གླིང་གི་ཤུལ་བཞག་མིང་གཞུང་ནང་བཅུག་པའི་ཐང་ཆེན་གཅིག་པུ་དེ་ཡིན་ལ་ད་བར་ལོ་ངོ་1000ལྷག་ཙམ་གྱི་ལོ་རྒྱུས་ཡོད། དེ་གར་ཞོགས་པ་དང་དགོང་མོར་མི་ཚོགས་བར་ཆད་རྒྱུ་མེད་པས“འཁྲུག་ཆ་དོད་པའི་ཐང་ཆེན”ཞེས་ཀྱང་བརྗོད་ཀྱི་ཡོད་ཅིང་། དེའི་ལོ་རྒྱུས་ཡུན་རིང་དང་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་འདྲིས་ལ་འཛམ་གླིང་ས་གནས་ཁག་གི་ཡུལ་སྐོར་བའི་ཡིད་དབང་འཕྲོག་བཞིན་ཡོད།
པར་རིས་ཚང་མ་མི་དམངས་ཉིན་རེའི་ཚགས་པར་གྱི་འཛམ་གླིང་དབུས་ཤར་ལྟེ་གནས་ཡན་ལག་ཁང་གི་ཨོ་མར·ཧ་ལི་ལེས་པར་བླངས།