ས་བབ་མཐོ་ཚད་སྨི་5231ཟིན་པའི་གདང་ལ་ནི“སྲོག་གནས་དཀའ་ཁུལ”ཞིག་ཡིན་རུང་ལམ་སྐྱོང་ལས་མིའི་ངོས་ནས་བརྗོད་ན་དཀའ་ཚེགས་ཆེ་བའི་གནས་ཤིག་མིན་ཞིང་། གསར་འགོད་པ་ལམ་སྐྱོང་ཏའོ་པན་དང་པོར་སྐྱོད་འཕྲལ་ལ་དུག་ཕོག་ནས་གོམ་པ་གང་སྤོ་བར་ཡང་ནུས་ཤུགས་ཡོད་རྒུ་འདོན་དགོས་ཀྱི་འདུག ང་ཚོ་ནི་དུས་ཡུན་ཐུང་ངུའི་མགྲོན་པོ་ཙམ་ཡིན། འོན་ཀྱང་དེ་གར་ཡུན་རིང་ལས་གནས་བརྟན་སྲུང་བྱེད་མཁན་གྱི་ལམ་སྐྱོང་བཟོ་པས་ཇི་ལྟར་བྱས་ནས་རྒྱུན་འཁྱོངས་བྱས་ཡོད་དམ། ལོ་10དང་། ལོ་20 ལོ་30 ཐ་ན་བུ་ཕྲུག་དང་ཚ་བོ་ཚ་མོ་ཚོ་ཡང་གནས་དེར་བརྟན་སྲུང་བྱས་ནས་བསྡད་ཡོད། གུས་བཀུར་ཞུ་འོས་ལ་གཅེས་པར་འོས་པའི་མི་དེ་དག་གིས་གངས་ལྷགས་ཁྲོད་དུ་ལས་གནས་བརྟན་སྲུང་བྱེད་པ་དང་། ས་བབ་མཐོ་ཤོས་སུ་ལས་གནས་བརྟན་སྲུང་བྱས་ཏེ་གཞུང་ལམ་ཁྱིམ་ཚང་ལ་བརྩི་བ་དང་། ཐོག་མའི་བསམ་འདུན་ལ་བརྟེན་ནས“མཁའ་ལམ”ཤར་བགྲོད་ཐུབ་པར་བྱེད་པ། རང་འགན་གཙང་སྒྲུབ་ཧུར་ཐག་བྱས་ནས“ལམ་སྐྱོང་ཏའོ་པན་དང་པོ”དེ་ལམ་གཉིས་ཀྱི་སྙིང་སྟོབས་མངོན་པའི་གནས་རྟགས་ཤིག་ཏུ་བཏོད་ཡོད།