《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月19日

བཟོ་བོའི་ཕ་ཡུལ་དུ་ལག་རྩལ་རྒྱུན་འཛིན་བྱེད།

ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀརྨ་ཤང་ནི་བྲག་ཆུའི་སྟོད་རྒྱུད་དུ་གནས་ཤིང་། གནས་དེའི་མཐའ་བཞི་རི་བོས་བསྐོར་བ་དང་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད། ཀརྨ་ཤང་ལ“མི་རིགས་ལག་ཤེས་བཟོ་རྩལ་གྱི་ཕ་ཡུལ”ཞེས་བརྗོད་སྲོལ་ཡོད་པས། ས་གནས་དེ་གའི་མང་ཚོགས་ཀྱིས་མི་རབས་ནས་མི་རབས་བར་ཐང་ག་བཞེངས་པ་དང་། ལྕགས་རྡུང་བ། རྡོ་བརྐོས་རྒྱག་པ་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད་པས་སྤྱིའི་ཆ་ནས་ཁྱིམ་ཚང་ཚང་མར་ལག་ཤེས་བཟོ་རྩལ་པ་དང་རྒྱུན་འཛིན་པ་ཡོད། ད་ཆ་ཏང་དང་སྲིད་གཞུང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཀརྨ་ཤང་གི་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་རིམ་བཞིན་ཁྲོམ་རར་བཏོན་ཐུབ་པ་ལས་མང་ཚོགས་རྣམས་ཕྱུག་འགྱུར་ལམ་བུར་བསྐྱོད་ཐུབ་ཡོད། འདི་ནི་ལག་ཤེས་བཟོ་པས་རྒྱན་ཆ་བཟོ་བཞིན་པ།