→ ཉེ་བའི་ལོ་ཤས་རིང་། ཀྲེ་ཅང་ཞིང་ཆེན་ཅ་ཤིང་གྲོང་ཁྱེར་ནན་ཧུའུ་ཆུས་ཧྥེང་ཆའོ་གྲོང་རྡལ་གྱིས“དམའ་འཕུར་དཔལ་འབྱོར”ལ་དམིགས་ནས་གྲོང་གསེབ་མགྱོགས་མྱུར་དར་རྒྱས་ཡོང་བར་ནུས་པ་མུ་མཐུད་འདོན་པ་དང་། དམའ་འཕུར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་འཕེལ་རྒྱས་ཀྱི་ལས་རྣམ་གསར་པ་རྒྱུན་མཐུད་སྐྱེད་སྲིང་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ་རེད། འདི་ནི་ཅ་ཤིང་གྲོང་ཁྱེར་ནན་ཧུའུ་ཆུས་ཧྥེང་ཆའོ་གྲོང་རྡལ་ལྟེ་བའི་འཕྲོད་བསྟེན་ཁང་གི་སྨན་པས་མི་མེད་གནམ་གྲུའི་དབོར་འདྲེན་མཛོད་སྒམ་ནང་སྨན་སྒམ་བླུག་བཞིན་པ།