ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ། ཁྱད་ཆོས་མངོན་གསལ་དོད་ལ་སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པའི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་ཁག་གཅིག་བསྐྲུན་པར་སྐུལ་འདེད་བཏང་ནས། མངོན་མིན་རིག་གནས་ཤུལ་བཞག་ལ་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྒུལ་ཤུགས་གསར་པ་བསྣན་ཡོད།
སྣང་རྫོང་ལ་ཐོག་ཟུར་མཁར་སྨན་སྤོས་ཞིང་འབྲོག་མང་ཚོགས་ཆེད་ལས་མཉམ་ལས་ཁང་ད་ལོའི་ལོ་སྟོད་དུ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་གི་དཔེ་སྟོན་ས་ཚིགས་ཁག་དང་པོར་གཏན་འཁེལ་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ཟུར་མཁར་སྨན་སྤོས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱེད་པའི་ལས་དོན་ཁྲོད་ནུས་པ་ལེགས་པོ་བཏོན་ཡོད། 2023ལོ་ནས་བཟུང་། མཉམ་ལས་ཁང་ལ་བསྡོམས་ཡོང་འབབ་སྒོར་ཁྲི་160བྱུང་བ་དང་རིམ་རྩིས་བརྒྱབ་ན་མང་ཚོགས་དུད་ཚང་40ལ་སྣེ་ཁྲིད་བྱས་པ་དང་མི་ཐེངས་300ལྷག་ཙམ་ལས་ཞུགས་ཐུབ་པ་མ་ཟད། དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་8000ལྷག་ཙམ་བྱུང་།