ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དེང་རབས་ཞིང་ལས་ཐོན་ལས་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ལྷག་པར་དུ། སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཐད་གྲོང་ཁྱེར་དང་ས་ཁུལ་ཁག་གིས“ཤ་ཚལ་སྒོང་གསུམ”གྱི་ཧྲི་ཀྲང་གི་འགན་འཁུར་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། སྔོ་ཚལ་ཐོན་སྐྱེད་དང་མཁོ་སྤྲོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རྒྱ་ཆེའི་ཞིང་འབྲོག་པའི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་རེད།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཅིང་ཀྲེ་རྨའོ་ཐེང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་དེང་རབས་ཞིང་ལས་དཔེ་སྟོན་གླིང་ནི་དེང་རབས་ཅན་གྱི་སྒྲིག་བཀོད་ལྡན་པའི་སྔོ་ཚལ་ཐོན་ལས་གླིང་ཞིག་ཡིན་པ་དང་། དེར་ཉི་ནུས་དྲོད་ཁང་100དང་ཚད་གཞི་མཐོ་བའི་ས་ཁང་ཉི་འོད་དྲོད་ཁང་6བསྐྲུན་ཡོད་པ་རེད།
པར་འདི་དག་ནི་ཅིང་ཀྲེ་རྨའོ་ཐེང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་དེང་རབས་ཞིང་ལས་དཔེ་སྟོན་གླིང་གི་འདེབས་འཛུགས་དུད་ཚང་ལི་ཧྲོའུ་ཡོན་ཁྱིམ་གྱི་དྲོད་ཁང་དུ་སྔོ་ཚལ་སྐྱེ་འཚར་ཡག་པོ་ཡོད་པ།