《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月18日

ཉེ་ཆར། ཀྲེ་ཅང་ཞིང་ཆེན་བོད་སྐྱོར་བཀོད་འདོམས་པུའི་མཛུབ་ཁྲིད་འོག “ཀྲེ་ཅང་ཉིན་རེའི་ཚགས་པར་ལས་རིགས་ཚོགས་པའི་ཙེ་ཐེང་མེ་ཏོག་སྤྱི་ཕན་ཞལ་འདེབས་བྱེད་སྒོ”བོད་དུ་སྤེལ་ནས་གཅེས་སེམས་ཞལ་འདེབས་བརྒྱབ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲེ་ཅང་ཉིན་རེའི་ཚགས་པར་ལས་རིགས་ཚོགས་པས་སྤྱི་ཚོགས་ཀྱི་གཅེས་སེམས་ཁེ་ལས་དང་མཉམ་དུ་ལྷ་ས་གྲོང་ཁྱེར་བུ་བཅོལ་ཁང་དང་། ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་སྐྱུང་ཚང་ཤང་སློབ་ཆུང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཤོ་མོང་ཤང་སློབ་ཆུང་། ནག་ཆུ་གྲོང་ཁྱེར་བུ་བཅོལ་ཁང་གཉིས་པ་བཅས་ལ་བསྐྱོད་དེ་སྒོར་ཁྲི་19ཙམ་རི་བའི་དཔེ་ཁུག་དང་། སློབ་ཆས། གློག་སྒྲོན། རྐང་རྩེད་སྤོ་ལོ་སོགས་གཅེས་སེམས་དངོས་པོ་ཞལ་འདེབས་བརྒྱབ་ཡོད། འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཤ་མོང་ཤང་སློབ་ཆུང་གི་སློབ་མས་ལག་ཏུ་རག་པའི་དཔེ་ཁུག་དགའ་ཚོར་ཆེན་པོས་སྟོན་བཞིན་པ།