《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月17日

“འགྲུལ་འཁོར་ཆེ་མོར་བསྡད་དེ་ཀྲུང་གོར་བལྟ·བོད་དུ་སྐྱོད་པའི”མཉམ་འདྲེས་སྨྱན་སྦྱོར་གྱི་བྱེད་སྒོ་ཆེ་གྲས་གོ་འཇོར་སྤེལ་བ།

ཨ་དབང་ལུག་འོས་སྦྱོར་བྱས་ནས་མཛེས་པའི་ཡུལ་ལྗོངས་མྱོང་རོལ་བྱེད་པ།

← འདི་ནི་གོ་འཇོ་རྫོང་གི་མང་ཚོགས་ཀྱིས“འགྲུལ་འཁོར་ཆེ་མོར་བསྡད་དེ་ཀྲུང་གོར་བལྟ·བོད་དུ་སྐྱོད་པའི”བྱེད་སྒོར་ཞུགས་མཁན་བསུ་བཞིན་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་13ཉིན་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི“རི་ཀླུང་བརྒལ་ནས་སྐལ་བཟང་མེ་ཏོག་བཞད་སར་སྐྱོད——འགྲུལ་འཁོར་ཆེ་མོར་བསྡད་དེ་ཀྲུང་གོར་བལྟ·བོད་དུ་སྐྱོད་པའི”མཉམ་འདྲེས་སྨྱན་སྦྱོར་གྱི་བྱེད་སྒོ་ཆེ་གྲས་སྤེལ་མཁན་ཆབ་མདོ་གྲོང་ཁྱེར་གྱི་གོ་འཇོ་རྫོང་དུ་འབྱོར་བ།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

ད་ཐེངས་ཀྱི་བྱེད་སྒོར་གདོད་མའི་སྐྱེ་ཁམས་བཟང་བའི་གོ་འཇོའི“ཨ་དབང་ལུག”འོས་སྦྱོར་བྱ་རྒྱུ་གཙོ་རྐང་དུ་བྱས་ཏེ་གོ་འཇོ་རྫོང་གི་རང་བྱུང་མཛེས་ལྗོངས་དང་། ལོ་རྒྱུས་དང་མི་ཆོས་རིག་གནས། ཁྱད་ལྡན་དངོས་ཟོག་བཅས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་པ་རེད། ལེ་ཚན་ནང་གཙོ་སྐྱོང་བས་ཨ་དབང་རྩྭ་ཐང་ཐོག་བསྐྱོད་དེ་ཨ་དབང་ལུག་ངོ་སྤྲོད་བྱས། གོ་འཇོ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀྲང་ཁྲའོ་ཧྥུང་སྐུ་མགྲོན་ཡིན་པའི་ངོས་ནས་བརྙན་ཤེལ་མདུན་དུ་ཡོད་པའི་ལྟད་མོ་བ་ཚོར་ཨ་དབང་ལུག་གི་གསོ་ཚགས་ལོ་རྒྱུས་དང་། རིགས་ཁྱུའི་ཁྱད་ཆོས། གསོ་ཚགས་ལག་རྩལ་བཅས་དང་ཁྱད་ལྡན་ཞིམ་ཟས་གསལ་བཤད་ཞིབ་ཕྲ་བྱས།

གོ་འཇོ་རྫོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཐན་ཧྥེ་ཡིས་ད་ཐེངས་ཀྱི་བྱེད་སྒོ་ནི་གོ་འཇོ་རྫོང་གི་སྐད་གྲགས་ཆོད་ཚད་དང་མཚན་སྙན་ཆེ་རུ་གཏོང་བའི་ཐོབ་པར་དཀའ་བའི་གོ་སྐབས་ཤིག་རེད། གོ་འཇོ་རྫོང་གིས་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་རྫོང་ཡོངས་ཀྱི་ཚན་པ་ཁག་དང་ཤང་དང་གྲོང་རྡལ་གྱིས་གཞོགས་འདེགས་བྱས་པ་བརྒྱུད་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་དང་བཅར་འདྲི་བྱ་ཡུལ་གཏན་འཁེལ་བྱས་པས་མཐར་གོ་འཇོ་རྫོང་ས་ཚིགས་སུ་པར་ལེན་གྱི་ལས་འགན་ཕུན་སུམ་ཚོགས་པོས་ལེགས་གྲུབ་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི“རི་ཀླུང་བརྒལ་ནས་སྐལ་བཟང་མེ་ཏོག་བཞད་སར་སྐྱོད—འགྲུལ་འཁོར་ཆེ་མོར་བསྡད་དེ་ཀྲུང་གོར་བལྟ·བོད་དུ་སྐྱོད་པའི”ཆབ་མདོའི་ལེའུ་དེ། སྨར་ཁམས་རྫོང་དང་། གོ་འཇོ་རྫོང་། ཀརྨ་ཤང་བཅས་རིམ་པར་བརྒྱུད་མཐར་དཔའ་ཤོད་དུ་འབྱོར་རྒྱུ་རེད། “ཆབ་མདོར་ཉིན་ལྔའི་རིང་གི་ཡུལ་སྐོར་ལམ་ཡིག”གི་འཆར་འགོད་ལྟར་དྲ་གྲོགས་དང་མཉམ་དུ་བོད་ཤར་ལྷོའི་ཉམས་དགའི་མཛེས་ལྗོངས་ཁྱོན་ཡོངས་ནས་ཉམས་སུ་མྱོང་རྒྱུ་རེད།

(རིག་རྡོར་གྱིས་བསྒྱུར། རིག་རྡོར་དང་ལྷག་ཚེས་ཞུས)