《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月16日

རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།

2023ལོར།

རྨ་ཆུ་རྒྱུག་ཁུལ་གྱི་ཆུ་སྤུས་ལེགས་ཤིང་། (རིགས་Iནས་Ⅲ)བར་གྱི་བཅད་ཁ་ཡིས་91.0%ཟིན་པ་དང་།

སྤྱི་ཡོངས་ཆུ་སྤུས་ལེགས་པའི་ཚད་གཞིར་སླེབས་པ། རྨ་ཆུ་ལོ་25བཞུར་མཚམས་ཆད་མེད།

རྨ་ཆུ་རྒྱུག་ཁུལ་གྱི་རྒྱལ་ཡོངས་ཀྱི་ཆུའི་ཐོན་ཁུངས་ཀྱི་2%ལ་བརྟེན་ནས། རྒྱལ་ཡོངས་ཀྱི་མི་འབོར་12%དང་། རྨོ་ཞིང་17% གྲོང་ཁྱེར་ཆེ་འབྲིང་50ལྷག་ཙམ་བཅས་ཀྱི་ཆུ་མཁོ་འདོན་གྱི་ལས་འགན་འཁུར་བ་དང་།

ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་ཚད་80%ལྷག་ཟིན་གྱི་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཆེ་མོ་དང་མཐུན་སྦྱོར་ཆེ་མོའི་བཀོད་པ་འཐུས་སྒོ་ཚང་དུ་རྒྱུན་མཐུད་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་འཛུགས་དགོས”“རྒྱུག་ཁུལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སྐས་རིམ་གསར་པར་སླེབས་པ་དང་། ལྗང་མདོག་ཕྱོགས་སྒྱུར་ལ་འཕེལ་རིམ་གསར་པ་ཡོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་པ། མི་དམངས་མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་གསར་པ་ཡོང་བ་བཅས་ལ་སྐུལ་འདེད་བཏང་སྟེ། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དགོས”ཞེས་གསུངས་ཡོད།

1999ལོ་ནས་བཟུང་རྨ་ཆུ་ལོ་25བཞུར་མཚམས་ཆད་མེད། 2003ལོར་རྨ་ཆུ་རྒྱུག་ཁུལ་གྱི་ཆུ་སྤུས་རིགས་Iནས་Ⅲབར་གྱི་བཅད་ཁ་ཡིས་91.0%ཟིན་པ་དེ་2022ལོ་ལས་བརྒྱ་ཆའི་གྲངས་3.5འཕར་བ་དང་རྨ་ཆུའི་ཆུ་གཞུང་གི་ཆུ་རྒྱུད་ཚང་མའི་ཆུ་སྤུས་རིགས་IIལ་རྒྱུན་འཁྱོངས་བརྟན་པོ་ཐུབ་ཡོད། 2023ལོར་རྨ་ཆུ་རྒྱུག་ཁུལ་གྱི་ས་ཆུ་ཤོར་བའི་རྒྱ་ཁྱོན་དེ་2022ལོ་ལས་སྟོང་སྨི་ངོས་གྲུ་ཁྲི་0.44ཉུང་དུ་ཕྱིན་ནས་ཉུང་དུ་འགྲོ་ཚད་1.72%ཟིན་ཡོད། ཧྲན་ཏུང་གི་རྨ་ཆུའི་ཟུར་གསུམ་གླིང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་འདམ་ར་སྤྱི་ལེ་ངོས་གྲུ་188ལ་ཉམས་གསོ་བྱས་པས། འདབ་ཆགས་རིགས་187ནས་མིག་སྔའི་373བར་མང་དུ་ཕྱིན་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་འདབ་ཆགས་རིགས་5ནས་26བར་མང་དུ་ཕྱིན་ཏེ་སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་དོད་པོས་མང་དུ་སོང་ཡོད།

2013ལོ་ནས་2023ལོ་བར་རྨ་ཆུ་རྒྱུག་ཁུལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་9ཡིས་མ་དངུལ་གཏོང་ཚད་ཆ་སྙོམས་ལོ་ལྟར་7.3%འཕར་ཡོད། 2022ལོ་དང་2023ལོར་རྨ་ཆུ་རྒྱུག་ཁུལ་ལ་མ་དངུལ་གཏོང་ཚད་འཕར་ཚད་དེ་སྤྱི་ཚོགས་ཡོངས་ལ་མ་དངུལ་གཏོང་ཚད་ལས་བརྒྱ་ཆའི་གྲངས་2.0དང་0.5ཡིས་སོ་སོར་མཐོ་བ་ཡོད། རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་གྱིས་རྨ་ཆུའི་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་གཏོང་བ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་འཚོལ་ཞིབ་ཧུར་ཐག་བྱས་པ་དང་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་བཏང་བས། སྐྱེ་ཁམས་ལ་སྐུལ་འདེད་ཐེབས་པ་དང་དཔལ་འབྱོར་གྱི་རིན་ཐང་ཡང་དེ་དང་མཉམ་དུ་ཆེ་རུ་ཕྱིན་ཡོད།

མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཏེང་ཅན་དབྱང་།

↑ རྨ་ཆུའི་ལའོ་ཉིའུ་དབན་ནི་ཧྲན་ཤིས་ཕན་ཀོན་རྫོང་དང་ནང་སོག་ཆིང་ཧྲུའེ་ཧོ་རྫོང་གི་ས་མཚམས་སུ་གནས་པ་དང་འདི་གར་རྨ་ཆུ་བྱང་ནས་ལྷོ་ཕྱོགས་སུ་གྱ་གྱུའི་འགྲོས་དང་བཅས་ཏེ་རྒྱུག་བཞིན་ཡོད།

ཞུའེ་ཅུན་གྱིས་པར་བླངས།

↑ ཉིང་ཞ་རུ་ལོ་ངོ་སྟོང་ཕྲག་མང་པོའི་རིང་རྨ་ཆུ་དྲངས་ནས་ཞིང་ཆུ་གཏོང་བ་དང་རྨ་ཆུས་དྲིན་གྱིས་བསྐྱངས་པའི་ངོ་མཚར་གཏམ་རྒྱུད་མང་པོ་ཡོད། ཆིང་ཐུང་ཞ་ཆུ་བེད་ལྟེ་བའི་ལས་གྲྭའི་ཆུ་འགོག་ངོས་སྙོམས་མཚེའུ་ཡིས་ཡངས་པའི་ཞིང་ཐང་གཤིན་པོ་བརླན་ཞིང་། འདི་ནི་ཉིང་ཞ་དབྱིང་ཁྲོན་དུམ་བུར་རྨ་ཆུ་པ་ཏྲའི་རིས་དང་མཚུངས་པའི་ཞིང་ཐང་གི་རྐང་ལམ་ཕྲ་མོའི་འགྲམ་ནས་གྱ་གྱུའི་འགྲོས་དང་བཅས་ཏེ་བཞུར་བཞིན་པ།

← སི་ཁྲོན་མཛོད་དགེ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་ཆུ་རྩ་གསོ་འཁྱོངས་ཁུལ་ཡིན་ལ། ས་མཐོའི་སྐྱེ་ཁམས་སྲུང་བཅད་ཁུལ་ཡང་རེད། སྲུང་སྐྱོང་ཁུལ་གྱིས་བྱེ་བཅོས་རྩྭ་གསོ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཚན་རིག་ཅན་དང་མ་ལག་རང་བཞིན་གྱི་སྲུང་སྐྱོང་ལ་སྐུལ་འདེད་བཏང་ཞིང་། འདི་ནི་མཛོད་དགེ་རྫོང་རྨ་ཆུའི་ཁུག་དགུའི་ཁུག་སོ་དང་པོ་ཡིན་པ།

ཧྥན་རུའེ་ལིན་གྱིས་པར་བླངས།

↑ ཧྲན་ཤིས་རུའེ་ཁྲེང་རྫོང་གིས་ཕན་འབྲས་ཆེ་ལ་ཆུ་གྲོན་ཆུང་གི་དེང་རབས་ཅན་གྱི་ཆུ་འདྲེན་ཁུལ་ཧུར་ཐག་བཏོད་དེ་རྨ་ཆུ་དྲངས་ནས་ཞིང་ཆུ་ལུགས་མཐུན་ངང་བཏང་སྟེ་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཞིང་། འདི་ནི་ཧྥེང་ལིན་ཏུའུ་གྲོང་རྡལ་གྱི་རྨ་ཆུའི་འགྲམ་ངོགས་སུ་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་གྱིས་གྲོ་རྔ་བཞིན་པ། ཞུའེ་ཅུན་གྱིས་པར་བླངས།

↑ རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ལེགས་སུ་སོང་བས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་མྱུར་པོ་ཕྱིན་ཞིང་། འདི་ནི་ཡུལ་སྐོར་བས་ཀན་སུའུ་ལིན་ཞ་ཧུད་རིགས་རང་སྐྱོང་ཀྲོའུ་ཡུང་ཅིང་རྫོང་རྨ་ཆུའི་ཁུག་སོ་གསུམ་པར་སྤྲོ་གསེང་གཏོང་བཞིན་པ། ཞུས་ཀང་གིས་པར་བླངས།

སྐྱེ་ཁམས་སྔོན་ལ་བཞག་པ།

↑ རྨ་ཆུའི་ཆུ་འགོ་ནི་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཁྲ་ལའི་བྱང་འདབས་ཀྱི་ཡོས་ཁོག་རྫོང་ལེབ་གཤོང་ས་ནས་བྱུང་བ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བཙུགས་རྗེས་ཆུ་རྩ་གསོ་འཁྱོངས་བྱེད་ཚད་ལོ་ལྟར་6%ཡན་འཕར་ཞིང་། འདི་ནི་རྨ་ཆུའི་ཆུ་འགོར་གནས་པའི་མཚོ་སྔོ་རེངས་ཡིན་པ་དང་རྒྱང་རིང་གི་རི་བོ་ནི་ཁྲ་ལ་ཡིན་པ། ཆིའུ་མོང་ཧན་གྱིས་པར་བླངས།

↑ ཟླ་9ཚེས་12ཉིན་སྟོད་རྒྱུད་ཆུ་མཛོད་ཀྱི་མཉམ་འབྲེལ་བྱེ་འབུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཐབས་ལས་རྨ་ཆུའི་ཆུ་གཞུང་ཤུགས་ཆེན་རྒྱས་ཏེ་ཧྲན་ཤིས་ཅི་རྫོང་དང་ཧྲའན་ཤིས་དབྱི་ཁྲོན་རྫོང་གི་ས་མཚམས་སུ་གནས་པའི་ཧུའུ་ཁོའོ་རྦབ་ཆུར་རྦབ་ཆུ་ཆེན་པོ་དྲག་ཏུ་བཞུར་བའི་མཛེས་ལྗོངས་ཐོན་ཡོད། ལུའུ་ཀུའེ་མིང་གིས་པར་བླངས།

ལྗང་མདོག་འཕེལ་རྒྱས་བཏང་བ།

↑ ཉིང་ཞ་ལིན་ཝུའུ་གྲོང་ཁྱེར་གྱིས་ལྗང་མདོག་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་མྱུར་པོ་བཏང་ཞིང་། འདི་ནི་ལིན་ཝུའུ་གྲོང་ཁྱེར་ཉིང་ཏུང་གློག་ཁང་གི་འཕྱོ་གཡེང་རྣམ་པའི་འོད་ཤུགས་གློག་གཏོང་རྣམ་གྲངས་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་དབྱང་ཀྲེ་སེན་གྱིས་པར་བླངས།

← འདི་ནི་ཀན་སུའུ་ལན་ཀྲོའུ་གྲོང་ཁྱེར་གྱི་དཀྱིལ་ནས་རྨ་ཆུ་བཞུར་ཏེ་འདུ་འཛི་ཆེ་བའི་གྲོང་ཁྱེར་དང་ཕན་ཚུན་གཅིག་ལ་གཅིག་རྒྱན་གྱི་ཚུལ་དུ་གནས་པ། ཀྲུའུ་ཧུང་ཧྲེང་གིས་པར་བླངས།

↑ རྨ་ཆུ་རྒྱུག་ཁོངས་ཀྱི་ཆུ་ལོག་འགོག་པ་དང་གནོད་འཚེ་ཉུང་གཏོང་གི་མ་ལག་འཐུས་སྒོ་ཚང་དུ་ཟམ་མི་ཆད་པར་ཕྱིན་ཏེ་2023ལོའི་འབྲུབ་དུས་གོང་བར་ཞའོ་ལང་ཏི་ཆུ་བེད་ལྟེ་བའི་ལས་གྲྭས་ཆུ་དང་བྱེ་མ་སྙོམས་སྒྲིག་ཐེངས་27བྱས་པས། སྨད་རྒྱུད་ཀྱི་ཆུ་ལམ་མཐོ་ཚད་སྨི་3.1དམའ་རུ་ཕྱིན་ཞིང་། འདི་ནི་ཞའོ་ལང་ཏི་ཆུ་མཛོད་ནས་ཆུ་ལོག་གཤོང་བཞིན་པ། མེའོ་ཤིའུ་ནའོ་ཡིས་པར་བླངས།

↑ ཧྲན་ཏུང་གི་རྨ་ཆུའི་ཟུར་གསུམ་གླིང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རྨོ་བསྐྱུར་འདམ་གསོ་དང་གསོ་བསྐྱུར་ཐང་གསོ་བྱས་པས་2017ལོ་ཚུན་དུ་འདམ་ར་སྤྱི་ལེ་ངོས་གྲུ་188ཉམས་གསོ་བྱས་ཤིང་། འདི་ནི་སྲུང་སྐྱོང་ཁུལ་གྱི་གྲམ་ཐང་དུ་རྩྭ་སྐྱེ་འཚར་བཟང་བ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞུས་སུའུ་ཧུད་ཀྱིས་པར་བླངས།

↑ རྨ་ཆུའི་འགྲམ་དུ་གནས་པའི་སྐྱེ་ཁམས་ཀྱི་ལེགས་ཆར་བརྟེན་ནས་ཧྲན་ཏུང་ཧུད་མིང་རྫོང་གིས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱས་པས། འདེབས་འཛུགས་ལས་རིགས་ལྗང་མདོག་ཕྱོགས་སྒྱུར་མངོན་འགྱུར་བྱུང་ཞིང་། འདི་ནི་ཡུལ་དེའི་ཤིང་འབྲས་འདེབས་མཁན་ཞིང་པས་ལི་འཐུ་བཞིན་པ།

ཁྲུའུ་པའོ་རུད་ཀྱིས་པར་བླངས།