《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月15日

གཞུང་ལམ་ལས་བྱུང་བའི་བག་ཆགས་ཟབ་མོ།

ལོ་མང་གོང་ཨ་མདོ་རྫོང་དུ་ཡོང་བ་ཡིན། བག་ཆགས་ཟབ་ཤོས་ཤིག་ནི་སྐབས་དེ་དུས་རྫོང་གྲོང་གི་གང་ས་གང་དུ་ཐལ་རྡུལ་གྱིས་ཁེངས་ཤིང་། གང་སར་བཙལ་མཐར་ཟ་ཁང་ཞིག་རྙེད་ཙམ་བྱུང་། དེའི་བྲོ་བ་ཞིམ་པའི་སྲན་ཁུ་དང་སྣུམ་ཟན་དུས་ད་ལྟའང་དྲན་པའི་ངོས་སུ་ལྷང་ངེར་འཆར་གྱི་འདུག ད་ཆ་ཨ་མདོ་རྫོང་གྲོང་དུ་སྐྱོད་སྐབས་བྲོ་བ་མི་འདྲ་བའི་ཟ་ཁང་དང་། སྔོ་ཚལ་དང་ཤིང་འབྲས་ཚོང་ཁང་མང་པོ་འདུག ཨ་མདོ་རྫོང་འཕེལ་རྒྱས་མྱུར་པོ་དེ་འདྲ་སོང་བར་ང་ཚོ་ཧང་སངས་བྱུང་།

ལམ་བར་དུ་བཅར་འདྲི་བྱ་ཡུལ་ནི་རྩོམ་ཡིག་ནང་གི་མི་གཉིས་ཙམ་མ་ཟད། ད་དུང་རྒན་ཡོལ་ཞུས་པའི་ལས་བྱེད་པ་དབང་སྒྲོན་དང་། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ལ་ཞུགས་མྱོང་བའི་ཚྭ་སྦྱངས་ཚལ་ཚོང་ཁང་གི་སྦྱིན་བདག་ཁྲེན་ཞུའེ་ཝུའེ་སོགས་ཀྱང་ཡོད། དབང་སྒྲོན་1997ལོར་ཨ་མདོ་རྫོང་དུ་ལས་ཀར་ཞུགས་སྐབས་སྤྲོ་གསེང་གཏོང་ཡུལ་འབའ་ཞིག་ནི་རྫོང་གི་བརྙན་ཕབ་ཁང་དུ་ལྟད་མོ་ལྟ་བར་འགྲོ་རྒྱུ་དེ་རེད། སྦྱིན་བདག་ཁྲེན་ལགས་ནི་དེ་བས་ཆོབ་ཚ་བ་ཞིག་འདུག་སྟེ། 2003ལོའི་ཨ་མདོའི་སྐོར་གླེང་སྐབས་ཁོང་གིས་ཕ་ཡུལ་གྱི་ཡུལ་སྐད་ཐོག་ནས“གྲང་མོ་ཞེ་དྲག་འདུག”ཅེས་བརྗོད། ཁོང་ཚོའི་གཏམ་རྒྱུད་དོན་སྙིང་ཟབ་ལ་མི་སེམས་འགུལ་བ་ཞིག་ཡོད་པ་མ་ཟད། མཚོ་བོད་གཞུང་ལམ་ལས་ཨ་མདོ་རྫོང་ལ་འཕོ་འགྱུར་ཆེན་པོ་བྱུང་བར་དེ་བས་བདེན་དཔང་ཡང་བྱེད་ཀྱི་ཡོད།

ལོ་70ཡི་རིང་། གངས་ལྗོངས་ས་མཐོའི་ཡུལ་ལྗོངས་རི་མོ་ལྟར་མཛེས་ལ་གཡུ་འབྲུག་སྔོན་མོ་འདྲ་བའི་ལམ་ཆེན་མང་པོ་བསྐྲུན་ཡོད། གངས་ལྗོངས་ས་མཐོར་འགྲིམ་འགྲུལ་ཤར་གཏོང་ཐུབ་པ་དང་ཆབས་ཅིག དེ་བས་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ།