《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月15日

གྲོང་གསེབ་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་པ།

འདི་ནི་ཡུལ་སྐོར་བས་ལག་བཟོས་རླུང་གཡབ་ཉོ་བཞིན་པ།

འདི་ནི་ཡུལ་དེ་གའི་ལག་ཤེས་བཟོ་རྩལ་པས་སྨྱུག་གདུགས་བཟོ་བཞིན་པ།

ཉེ་བའི་ལོ་ཤས་རིང་། ཐེ་ལན་གྱིས“གྲོང་ཚོ་རེར་སྤུས་རྟགས་རེའི”སྲིད་ཇུས་ཁྱབ་གདལ་ཤུགས་ཆེན་བཏང་ནས་གྲོང་གསེབ་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད། ས་གནས་མང་པོ་ཞིག་ཏུ་རང་རང་གི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོས་རྫས་རྒྱུན་འཛིན་དང་གསར་གཏོད་བྱས་པས་ས་གནས་ཀྱི་དཔལ་འབྱོར་དར་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་པ་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་ཡང་བཀུག་ཡོད་པ་རེད།

ཐེ་ལན་གྱི་ཆིང་མའེ་ཤར་འདབས་སུ་གནས་པའི་པོ་སང་གྲོང་ཚོ་ནི་ལྟ་ན་སྡུག་པའི་སྨྱུག་གདུགས་དང་རླུང་གཡབ་བཟོ་བའི་དབང་གིས་ཉེ་རིང་གང་སར་སྐད་གྲགས་ཆོད་ཡོད། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་མཁན་ལག་ཤེས་བཟོ་རྩལ་པས་སྨྱུག་མ་དང་དར་གོས་སོགས་སྤྱད་དེ་ཚོན་མདོག་རྣམ་པར་བཀྲ་ཞིང་རི་མོ་ཁྱད་དུ་འཕགས་པའི་སྨྱུག་གདུགས་བཟོ་ཡི་ཡོད་ཅིང་། ཡུལ་སྐོར་བས་ཁྱད་ལྡན་ཐོན་རྫས་ཉོ་ཐུབ་པ་མ་ཟད། ད་དུང་ཐག་ཉེ་ས་ནས་བཟོ་སྟངས་ལ་བལྟས་ཏེ་ཐེ་ལན་བྱང་རྒྱུད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་དམིགས་བསལ་ཁྱད་ཆོས་མྱོང་ལེན་བྱེད་ཐུབ།