འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཟླ་10ཚེས་13ཉིན། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་མཛུབ་ཁྲིད་བྱས་པ་དང་། མི་དམངས་རྩོམ་རིག་དུས་དེབ་ཁང་དང་། བོད་ལྗོངས་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན། ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་། རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པའི་ཁྲེན་རེན་ཅེའི་སྙན་ངག་རིང་མོ《ཧི་མ་ལ་ཡ》ཞེས་པའི་གསར་རྩོམ་སྤེལ་རེས་མཉམ་སྤྱོད་ཚོགས་འདུ་ལྷ་སར་འགོ་ཚུགས་པ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིཌ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཟླ་བ་དང་། ཀྲུང་གོ་དཔེ་སྐྲུན་མཐུན་ཚོགས་ཀྱི་ལས་འཛིན་ཀྲང་གཞོན་པ་ལུའུ་ཚའེ་རུང་། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཏང་ཙུའི་ཁོངས་མི《མི་དམངས་རྩོམ་རིག》གི་རྩོམ་སྒྲིག་པ་གཙོ་བོ་ཧྲི་ཀྲན་ཅུན་བཅས་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
བྱེད་སྒོའི་ཐོག་བསྟན་དོན། སྙན་ངག་རིང་མོ《ཧི་མ་ལ་ཡ》ཞེས་པ་ནི་དུས་རབས་ཀྱི་དོན་སྙིང་ལྡན་པའི་རྩོམ་རིག་བརྩམས་ཆོས་གལ་ཆེན་ཞིག་དང་། སྤྱི་ཚོགས་ཀྱི་རིན་ཐང་ལྡན་པའི་རིག་གནས་བརྩམས་ཆོས་གལ་ཆེན་ཞིག རྒྱལ་སྤྱིའི་བརྒྱུད་སྤེལ་རིན་ཐང་ལྡན་པའི་ཤེས་ཚོར་བརྩམས་ཆོས་གལ་ཆེན་ཞིག་བཅས་ཡིན་ཞིང་། སྙན་རྩོམ་དེའི་ནང་མཚོ་བོད་དང་ཁྲོན་བོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་ལོ་རྒྱུས། ཁ་གཏད་བོད་སྐྱོར་བྱ་གཞག་བཅས་ཀྱི་སྐོར་བྲིས་ཡོད་ལ། བརྩམས་ཆོས་ཀྱི་སྒྱུ་རྩལ་རང་བཞིན་དང་བརྗོད་དོན་གཙོ་བོའི་རང་བཞིན་ཚད་མཐོའི་གཅིག་མཐུན་ཡོད་པ་དང་། ཆབ་སྲིད་དང་རིག་གནས་ཀྱི་ནང་དོན་མངོན་གསལ་ལྡན་པས། དེ་ནི་སྙན་ངག་ལོ་རྒྱུས་དང་རྩོམ་རིག་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་སྙན་ངག་ཅིག་རེད།
(པད་ཆོས་ཀྱིས་བསྒྱུར། པ་སངས་ཀྱིས་ཞུས)