འབྲི་ཆུའི་འགག་གསུམ་གྱི་ལྟེ་གནས་མའོ་ཕིང་གྲུ་ཁའི་ཁ་འགྲེམས་གྲུ་ཁའི་ལྕགས་ལམ་ནི་དབྱི་ཝན་ལྕགས་ལམ་གྱི་དབྱི་ཁྲང་བབས་ཚུགས་ལྷོ་མའི་ནུབ་སྣེ་ནས་ཙེ་ཀུའེ་རྫོང་གི་མའོ་ཕིང་གྲུ་ཁ་བར་ཡིན་པ་དང་ལམ་ཐིག་ཧྲིལ་པོར་སྤྱི་ལེ་39.59ཡོད། ལྕགས་ལམ་བསྐྲུན་ཟིན་རྗེས་འབྲི་ཆུའི་འགག་གསུམ་གྱི་ཆུ་རགས་བརྒལ་ནས་ཆུ་ལམ་དང་སྐམ་ལམ་རྒྱུད་འདྲེན་ལ་ཤུགས་སྣོན་རྒྱག་པ་དང་། འབྲི་ཆུའི་འགག་གསུམ་གྲུ་འགག་ནས་གྲུ་གཟིངས་ཤར་གཏོང་ཐུབ་པའི་ཁུར་པོ་ཡང་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། འདི་ནི་འབྲི་ཆུའི་འགག་གསུམ་ལྟེ་གནས་མའོ་ཕིང་གྲུ་ཁའི་ཁ་འགྲེམས་གྲུ་ཁའི་ལྕགས་ལམ་འཛུགས་སྐྲུན་བྱ་ཡུལ་ཡིན་པ། ཀྲེན་ཁུན་གྱིས་པར་བརྒྱབ།
ཉེ་ཆར། ཀྲུང་གོའི(ཧྲང་ཧའེ)རང་མོས་ཚོང་དོན་ལྟ་ཁུལ་གྱི་ལིན་ཀང་ཡུག་ཁུལ་གསར་པ་བཙུགས་ནས་ལོ་ལྔ་འཁོར་བའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་འཛུགས་པའི་མཛད་སྒོ་ལིན་ཀང་ཡུག་ཁུལ་གསར་པར་གནས་པའི་ཅིན་ཆའོ་ལིན་ཀང་རླངས་འཁོར་གློག་རྡུལ་མཉམ་འདྲེས་དང་ཉེར་སྤྱོད་ཞིབ་འཇུག་བསམ་བཀོད་གླིང་གི་འཛུགས་སྐྲུན་རྣམ་གྲངས་སྐྲུན་ཡུལ་དུ་འཚོགས་པ་རེད། ལིན་ཀང་ཡུག་ཁུལ་གསར་པ་བཙུགས་ནས་ལོ་ལྔ་འཁོར་བའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་འཛུགས་པའི་མཛད་སྒོའི་ཐོག་ཁྱོན་རྣམ་གྲངས་44ལས་འགོ་བཙུགས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་340ཙམ་བཏང་བ་དང་རྣམ་གྲངས་དེར་ཐོན་ལས་དང་། ཕྱོགས་བསྡུས་འགན་ལེན། ནུས་རྒྱུ་སོགས་ཁྱབ་ཡོད་པ་རེད། འདི་ནི་ཅིན་ཆའོ་ལིན་ཀང་རླངས་འཁོར་གློག་རྡུལ་མཉམ་འདྲེས་དང་ཉེར་སྤྱོད་ཞིབ་འཇུག་བསམ་བཀོད་གླིང་གི་འཛུགས་སྐྲུན་རྣམ་གྲངས་སྐྲུན་ཡུལ་ཡིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྥང་ཀྲེས་པར་བརྒྱབ)
ཝུའུ་ཡུན་ཁའེ་མྱུར་བགྲོད་གཞུང་ལམ་ནི་ཁྲུང་ཆིང་གི་གྲོང་ཁྱེར་རིམ་པའི་རྣམ་གྲངས་གལ་ཆེན་ཞིག་ཡིན་ཞིང་། བསྐྲུན་ཟིན་རྗེས་ལམ་རྒྱུད་ཀྱི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལ་ཕན་ཐོགས་ཡོད་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་འགྲོ་རྒྱུར་ཡང་ཕན་ཐོགས་ཡོད། འདི་ནི་སྐྲུན་བཞིན་པའི་ཝུའུ་ཡུན་ཁའེ་མྱུར་བགྲོད་གཞུང་ལམ་དང་མཐའ་འཁོར་གྱི་རི་བོ་དང་། ལ་ཁའི་ཉི་མ། གྲོང་མིའི་སྡོད་ཁང་བཅས་གཅིག་ལ་གཅིག་རྒྱན་གྱི་ཚུལ་དུ་གནས་པ། (ཝང་ཞའོ་ཡུས་ཀྱིས་པར་བརྒྱབ)
ཉེ་དུས་ཅི(ནན)པིན(ཀྲོའུ)མྱུར་བགྲོད་ལྕགས་ལམ་གྱི་ཅི་དབྱང་རྨ་ཆུའི་གཞུང་ལམ་དང་ལྕགས་ལམ་གོ་ཉིས་ཆོད་ཟམ་ཆེན་གྱི་ཟམ་སྣེ་བདེ་བླག་ངང་མཐུད་ཅིང་། ཅི་དབྱང་རྨ་ཆུའི་གཞུང་ལམ་དང་ལྕགས་ལམ་ཉིས་ཆོད་ཟམ་ཆེན་ནི་ཅི་པིན་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་དང་། ཟམ་ལྕོག་ཟམ་མིག་མང་བའི་ལྡིང་ཟམ་ཞིག་ཡིན་པ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་13.86ཡོད་པ་རེད། འདི་ནི་ཅི་དབྱང་རྨ་ཆུའི་གཞུང་ལམ་དང་ལྕགས་ལམ་གོ་ཉིས་ཆོད་ཀྱི་ཟམ་ཆེན་ཡིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀུའོ་ཤུས་ལེ་ཡིས་པར་བརྒྱབ)
སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་དུ་གནས་པའི་མིན་ཅང་གཙང་པོའི་ཕེང་ཧྲན་ཅན་ཙེ་རི་བོའི་ཆུ་ཐོག་སྐྱེལ་འདྲེན་དང་གློག་ཤུགས་ལྟེ་བའི་ལས་གྲྭ་ནི་ཆུ་ཐོག་སྐྱེལ་འདྲེན་གཙོ་བོར་བྱེད་པ་དང་། ཆུ་ཐོག་སྐྱེལ་འདྲེན་དང་གློག་ཤུགས་ཟུང་འབྲེལ་བྱེད་པ། ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་ཆུ་ལོག་སྔོན་འགོག་སོགས་ཀྱི་ནུས་པ་གཅིག་ལྕོགས་ལྡན་པའི་ཆུ་བེད་ལྟེ་གནས་ཤིག་རེད། རྣམ་གྲངས་ཕྱོགས་ཡོངས་ནས་བསྐྲུན་ཟིན་རྗེས་མེ་ཧྲན་ནས་ཁྲེང་ཏུའུ་དང་དེ་ནས་ཧྲང་ཧའེ་བར་གྱི“ཆུ་ལམ་ཡག་ཤོས”ཤར་གཏོང་ཐུབ་རྒྱུ་ཡིན་པ་དེས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་ནུས་པ་གལ་ཆེན་ཐོན་རྒྱུ་རེད། འདི་ནི་མིན་ཅང་གཙང་པོའི་ཕེང་ཧྲན་ཅན་ཙེ་རི་བོའི་ཆུ་ཐོག་སྐྱེལ་འདྲེན་དང་གློག་ཤུགས་ལྟེ་བའི་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་ཡིན་པ། (ཝུང་ཀོང་ཅན་གྱིས་པར་བརྒྱབ)
ཅང་ཤིས་ཞིང་ཆེན་ཅིའུ་ཅང་གྲོང་ཁྱེར་ཧུའུ་ཁོའུ་རྫོང་གིས་ནུས་རྒྱུ་གཙང་མ་དང་བཟོ་ལས་སྒྲིག་ཆས་གསར་བརྗེས་སོགས་ཁྱབ་ཁོངས་ལ་དམིགས་ནས་གསར་དར་ཐོན་ལས་འཕེལ་རྒྱས་ཀྱི“ཞན་ཆ”བསལ་ཏེ་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་བ་རེད།
འདི་ནི་ཧུའུ་ཁོའུ་རྫོང་མཐོ་གསར་ལག་རྩལ་ཐོན་ལས་གླིང་གི་མེ་ཤུགས་གློག་ཁང་ཞིག་གི་དུས་ཐེངས་གཉིས་པའི་2×1000MWརྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་ཡིན་པ་དང་། མེ་ཤུགས་གློག་ཁང་དེ་ནི་རྒྱལ་ཁབ་ཀྱིས“སྔོན་འཛུགས་རྗེས་བཅོས”ཀྱི་འདེགས་སྐྱོར་རང་བཞིན་གྱི་ནུས་རྒྱུ་གཙང་མའི་སོལ་གློག་མཁོ་འདོན་འགན་ལེན་རྣམ་གྲངས་ཡིན་པ་རེད། (ཀྲུའུ་ཧའེ་ཕེང་གིས་པར་བརྒྱབ)