《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月11日

མཚོ་བོད་ལྕགས་ལམ་ལྷ་ས་མེ་འཁོར་ལས་ཚུགས་ཀྱིས་ད་ལོའི་ཉིན་གཅིག་གི་འགྲུལ་པ་སྐྱེལ་ཚད་མང་ཤོས་བཏོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཟླ་10ཚེས་7ཉིན་མཚོ་བོད་ལྕགས་ལམ་མེ་འཁོར་ལས་ཚུགས་ཀྱིས་རྒྱལ་སྟོན་ངལ་གསོའི་རིང་ཕྱིར་ལོག་འགྲུལ་རྒྱུན་མང་ཤོས་ཀྱི་དུས་བསུས་པ་དང་ཉིན་དེར་འགྲུལ་པ་མི་ཐེངས་5228བསྐྱལ་ནས་ལས་ཚུགས་དེའི་ད་ལོའི་ཉིན་གཅིག་གི་འགྲུལ་པ་སྐྱེལ་ཚད་མང་ཤོས་བཏོད་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྟོན་རིང་མཚོ་བོད་ལྕགས་ལམ་ལྷ་ས་མེ་འཁོར་ལས་ཚུགས་ཁོངས་གཏོགས་ཀྱི་བབས་ཚུགས་ཁག་གིས་འགྲུལ་པ་མི་ཐེངས་28598བསྐྱལ་བ་དེ་ན་ནིང་གི་དུས་མཚུངས་ལས་0.92%འཕར་བ་དང་། འགྲུལ་པ་མི་ཐེངས་26420འབྱོར་བ་དེ་ན་ནིང་གི་དུས་མཚུངས་ལས་10.06%འཕར་ཡོད། ངལ་གསོའི་རིང་འགྲུལ་པ་ཕྱོགས་ཐོན་ལ་སྟབས་བདེ་ཡོང་ཆེད། ལས་ཚུགས་དེའི་གོང་འོག་ཚང་མས་ཞབས་ཞུའི་བྱ་ཐབས་ཁག་དོན་འཁྱོལ་ཧུར་ཐག་དང་། ཁོངས་གཏོགས་བབས་ཚུགས་ཁག་གིས་ཉིན་ལྟར་སྔ་སྣུར་དུ་འགྲུལ་རྒྱུན་གྱི་ཁ་ཕྱོགས་དང་། འགྲུལ་པ་མང་བའི་དུས་མཚམས། མེ་འཁོར་སྤ་སེ་སྔོན་ཚོང་སོགས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པ། བདེ་འཇགས་ཞིབ་བཤེར་དང་། གཙང་སྦྲ། པན་དང་ཚོ་ཆུང་གི་དོ་དམ་མི་སྣ་བཅས་དང་དེ་བཞིན་འགྲུལ་སྐྱེལ་ལས་དོན་མི་སྣ་མང་དུ་གཏོང་བ་དང་། ལས་བགོས་ལུགས་མཐུན་རྒྱག་པ། ལས་གནས་ལེགས་གཏོང་བྱེད་པ། སྤ་སེ་ཕྱིར་ཚོང་དང་། ཞིབ་བཤེར་ར་སྤྲོད། བདེ་འཇགས་ཞིབ་བཤེར་སོགས་མི་རྫོབ་ཐེབས་སླ་བའི་འགག་རྩའི་ལྷུ་ཚིགས་ཀྱི་སྟོབས་ཤུགས་གསབ་པ་བཅས་བྱས་ནས། འགྲུལ་རྒྱུན་མང་ཤོས་ཀྱི་དུས་མཚམས་ལ་ཁ་གཏད་ཧུར་ཐག་བཅག་པ་རེད།

(ལྷ་དབང་གིས་བསྒྱུར། ལྷ་དབང་དང་བུ་ཁྲིད་ཀྱིས་ཞུས)