《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月10日

2024ལོའི་རྒྱལ་སྟོན་ངལ་གསོའི་རིང་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་7.65ཟིན་པ།

2024ལོའི་རྒྱལ་སྟོན་གུང་གསེང་རིང་། རྒྱལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་བརྟན་ལ་གོ་རིམ་ལྡན་ཞིང་། རིག་གནས་ཡུལ་སྐོར་པུའི་གྲངས་གཞི་ལྟེ་གནས་ཀྱི་ཚོད་རྩིས་བརྒྱབ་པ་བརྒྱུད་ངལ་གསོའི་ཉིན་བདུན་རིང་རྒྱལ་ཡོངས་ཀྱི་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར་7.65ཟིན་པ་དང་བསྡུར་གཞི་ཡོད་པའི་གྲངས་གཞི་ལྟར་ན་དུས་མཚུངས་ལས་5.9%འཕར་བ་དེ་2019ལོའི་དུས་མཚུངས་ལས་10.2%འཕར་བ་དང་། རྒྱལ་ནང་གི་ཡུལ་སྐོར་བས་ཁྱོན་བསྡོམས་འགྲོ་གྲོན་སྒོར་དུང་ཕྱུར་7008.17བཏང་བ་དེ་བསྡུར་གཞི་ཡོད་པའི་གྲངས་གཞི་ལྟར་ན་དུས་མཚུངས་ལས་6.3%འཕར་བ་དེ་2019ལོའི་དུས་མཚུངས་ལས་7.9%འཕར་ཡོད། འདི་ནི་ཡུལ་སྐོར་བས་ཧྲན་ཏུང་ཞིང་ཆེན་ལི་དབྱི་གྲོང་ཁྱེར་དབྱི་མོང་ཧྲན་དབྱིན་ཚུའོ་ཐེན་མོང་ཡུལ་སྐོར་ཁུལ་དུ་དམངས་སྲོལ་ཞབས་བྲོར་ལྟ་བཞིན་པ།