《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月10日

བོད་དུ་ནུས་མང་གསབ་རེས་ཀྱི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་གསར་པ་ཆགས་པ།

2023ལོའི་ལོ་མཇུག་བར་བོད་དུ་ཆུ་གློག་གིས་གཙོ་བོ་བྱེད་པ་དང་། ས་འོག་ཚ་ནུས་དང་། རླུང་ནུས། ཉི་ནུས་སོགས་ནུས་མང་གསབ་རེས་ཀྱི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་གསར་པ་ཆགས་ནས་ཆན་ཧྥུའུ་500ཡི་དྲ་སྒྲོམ་གཙོ་བོ་དང་རིམ་ཁག་གློག་དྲ་མཐུན་སྦྱོར་འཕེལ་རྒྱས་ཀྱི་བོད་ཀྱི་གཅིག་གྱུར་གློག་དྲ་བསྐྲུན་ཡོད།

2024ལོའི་ཟླ་8པ་བར་བོད་ཀྱི་གློག་དྲས་རིམ་རྩིས་བརྒྱབ་ན་འཛུགས་སྐྲུན་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར་856ཙམ་བཏང་ཡོད། ལྗོངས་ཡོངས་ཀྱི་གློག་ཤུགས་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་བསྡོམས་འབོར་ཆན་ཝ་ཁྲི་681.9ཟིན་པ་དེ་2012ལོ་ལས་ཆན་ཝ་ཁྲི་579.8འཕར་ནས་ལྡབ་6.7ཙམ་འཕར་ཡོད།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་ཉིན་ཤས་གོང་འཚོགས་པའི་བོད་རང་སྐྱོང་ལྗོངས་ཀྱི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་བསུ་བ་ཞུ་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ལོ་75རིང་བོད་ཀྱི་གློག་ཤུགས་བྱ་གཞག་ལ་མེད་པ་ནས་ཡོད་པའི་བར་དང་། ཆུང་བ་ནས་ཆེ་བའི་བར། ཉམས་ཞན་ནས་སྟོབས་ཆེའི་བར་བཅས་ཀྱི་འཕེལ་རྒྱས་དང་མཆོང་སྐྱོད་ཆེན་པོ་བྱུང་ཡོད། 2023ལོའི་ལོ་མཇུག་བར་བོད་དུ་ཆུ་གློག་གིས་གཙོ་བོ་བྱེད་པ་དང་། ས་འོག་ཚ་ནུས་དང་། རླུང་ནུས། ཉི་ནུས་སོགས་ནུས་མང་གསབ་རེས་ཀྱི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་གསར་པ་ཆགས་ནས་ཆན་ཧྥུའུ་500ཡི་དྲ་སྒྲོམ་གཙོ་བོ་དང་རིམ་ཁག་གློག་དྲ་མཐུན་སྦྱོར་འཕེལ་རྒྱས་ཀྱི་བོད་ཀྱི་གཅིག་གྱུར་གློག་དྲ་བསྐྲུན་ཡོད་པ་རེད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

བོད་ཀྱི་གློག་དྲ་གཙོ་བོ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་ཐད“གློག་ཤུགས་མཁའ་ལམ་ཆེན་པོ་བཞི”འཆར་འགོད་འཛུགས་སྐྲུན་བྱས་ནས་གློག་ཤུགས་འཛུགས་སྐྲུན་པ་ཁྲི་བཅུ་ཕྲག་ཁ་ཤས་ཀྱིས་གྲང་ངར་ལ་མ་འཛེམ་པ་དང་། ཁ་བ་བུ་ཡུག་ཁྲོད་སྐྱོད་པ། གསོ་རླུང་མི་འདང་བ་ཁྱད་བསད་བཅས་བྱས་ཏེ་མིའི་རིགས་ཀྱི་གློག་དྲ་འཛུགས་སྐྲུན་གྱི་ལོ་རྒྱུས་ཐོག་གི་ངོ་མཚར་གསར་པ་བཏོད་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕུར་མཆོང་གི་གཤོག་ཟུང་བསྒར་ཡོད། 2011ལོར་མཚོ་བོད་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེས་བོད་ཀྱི་གློག་དྲ་ཁེར་རྐྱང་ངང་འཁོར་སྐྱོད་བྱེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ནས་རྒྱལ་ཡོངས་ཀྱི་གློག་དྲ་དང་སྦྲེལ་ཐུབ་པ་བྱུང་ཡོད། 2014ལོ་དང་། 2018ལོ། 2020ལོ་བཅས་སུ་ཁྲོན་བོད་དང་། བོད་དབུས། མངའ་རིས་བཅས་ཀྱི་དྲ་སྦྲེལ་ལས་གྲྭ་གཅིག་རྗེས་གཉིས་མཐུད་ངང་སྤྱོད་འགོ་ཚུགས་པ་དང་བོད་ཀྱི་གློག་དྲ་དང་ལྷོ་ནུབ་གློག་དྲ་གཅིག་རྗེས་གཉིས་མཐུད་ངང་སྦྲེལ་ཐུབ་ནས་མངའ་རིས་ཀྱི་གློག་དྲ་དུས་ཡུན་རིང་པོ་དྲ་བ་རྐྱང་པ་འཁོར་སྐྱོད་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་ཏེ“ལྗོངས་ཡོངས་ཀྱི་གཅིག་གྱུར་གློག་དྲ”མངོན་འགྱུར་བྱུང་བ་རེད། ལྗོངས་ཡོངས་ཀྱི་གློག་དྲའི་གློག་གནོན་རིམ་པ་ཡང་ཆན་ཧྥུའུ་110དང་ཆན་ཧྥུའུ་220དང་སྦྲེལ་བ་ནས་ཆན་ཧྥུའུ་±400དང་ཆན་ཧྥུའུ་500བར་འཕར་ཡོད། 2024ལོའི་ཟླ་8པ་བར་བོད་ཀྱི་གློག་དྲས་རིམ་རྩིས་བརྒྱབ་ན་འཛུགས་སྐྲུན་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར་856ཙམ་བཏང་ཡོད། ལྗོངས་ཡོངས་ཀྱི་གློག་ཤུགས་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་བསྡོམས་འབོར་ཆན་ཝ་ཁྲི་681.9ཟིན་པ་དེ་2012ལོ་ལས་ཆན་ཝ་ཁྲི་579.8འཕར་ནས་ལྡབ་6.7ཙམ་འཕར་ཡོད་པ་རེད།

རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་གློག་སྤྱོད་དགོས་མཁོ་སྐོང་བའི་ཐད། སྔ་རྗེས་སུ་བོད་ཀྱི་གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་སྒྱུར་བཀོད་དང་། “རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་གྱི‘ལོ་གཉིས་ཀྱི་འགག་སྒྲོལ་དམག་འཐབ’” “བོད་ཀྱི‘ཁུལ་གསུམ་དང་ཀྲོའུ་གསུམ’གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན”སོགས་ལས་གྲྭ་རབ་དང་རིམ་པ་སྔ་རྗེས་སུ་ལེགས་སྒྲུབ་བྱས་པ་རེད། གློག་དྲ་གཙོ་བོར་གློག་མཁོ་འདོན་བྱ་རྒྱུ་དེ་2012ལོའི་རྫོང(ཆུས)40ནས་2023ལོར་ལྗོངས་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)74དང་ཤང་གྲོང་གཙོ་བོར་ཁྱབ་པ་དང་། གློག་མཁོ་འདོན་བྱེད་པའི་མི་འབོར་ཁྲི་175ནས་མི་འབོར་ཁྲི་350ལྷག་ཙམ་བར་མང་དུ་ཕྱིན་ནས་གློག་མཁོ་འདོན་བརྟན་པོ་ཡོང་ཚད་99.48%བར་མཐོ་རུ་ཕྱིན་ཡོད་པ་རེད།

2015ལོར་ཐེངས་དང་པོར་མཚོ་བོད་དྲ་སྦྲེལ་ལས་གྲྭ་བརྒྱུད“བོད་གློག་ཕྱིར་གཏོང”མངོན་འགྱུར་བྱུང་བ་ནས་བཟུང་བོད་ཀྱི་ནུས་རྒྱུ་གཙང་མ་རང་རྒྱལ་གྱི་ཤར་རྒྱུད་དང་། དབུས་རྒྱུད། བྱང་རྒྱུད། ནུབ་བྱང་། ལྷོ་ནུབ་སོགས་ས་ཁུལ་དུ་ཕྱིར་གཏོང་བྱས་པ་དང་2024ལོའི་ཟླ་8ཚེས་30ཉིན་བར་རིམ་རྩིས་བརྒྱབ་ན་ནུས་རྒྱུ་གཙང་མ་ཕྱིར་གཏོང་བྱེད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་146ཟིན་ནས་ལྗོངས་ཕྱིའི་གློག་གཏོང་སའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཚད་ལྡན་རྡོ་སོལ་སྤྱོད་ཚད་ཏུན་ཁྲི་448ཙམ་ཉུང་དུ་ཕྱིན་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་1117ཙམ་དང་དབྱང་གཉིས་མུ་ཟི་འབུད་ཚད་ཏུན་ཁྲི་34ཙམ་ཉུང་དུ་ཕྱིན་ཏེ་བོད་ཀྱི་ནུས་རྒྱུ་གཙང་མའི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་རྒྱུར་དགེ་མཚན་ལྡན་པའི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད་པ་རེད།

(བདེ་དབང་དང་པ་ཕན་གྱིས་སྒྱུར་ཞུས་བྱས)