ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་ཀྱི་ནང་དོན་གཙོ་བོ་ཤེས་པར་བྱེད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ཐོག་བསྟན་དོན། “དབྱེ་བ་འབྱེད་དགོས་པ་གསུམ”དོན་འཁྱོལ་བྱས་ཏེ། ལས་བྱེད་པར་གསར་གཏོད་ཡར་བརྩོན་དང་ལས་སྒྲུབ་ལས་གཏོད་ཀྱི་སྐུལ་ལྕག་བྱེད་དགོས། དེས་ཏང་ཡོངས་ཀྱིས་སྒྱུར་བཅོས་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་ལ་དོན་སྙིང་གལ་ཆེན་ལྡན་ཡོད།
◆ དུས་ཚོད།
2016ལོའི་ཟླ་1ཚེས་18ཉིན།
ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོར་གནང་བའི་གསུང་བཤད་ནང“དབྱེ་བ་འབྱེད་དགོས་པ་གསུམ”བཏོན་གནང་ཡོད།
◆ འབྲེལ་ཡོད་ནང་དོན།
“དབྱེ་བ་འབྱེད་དགོས་པ་གསུམ”ཞེས་པ་ནི།
ལས་བྱེད་པས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཉམས་མྱོང་མི་འདང་བ་དང་། སྔོན་ལ་སྒྲུབ་པ་དང་སྔོན་ལ་ཚོད་ལྟ་བྱས་པའི་དབང་གིས་བྱུང་བའི་ནོར་འཛོལ་དང་ནོར་འཁྲུལ་ཤེས་བཞིན་དུ་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་དང་དབྱེ་བ་འབྱེད་དགོས།
གོང་རིམ་གྱིས་ཚོད་འཛིན་ཁ་གསལ་བྱས་མེད་པའི་འཚོལ་ཞིབ་རང་བཞིན་གྱི་ཚོད་ལྟའི་ཁྲོད་ཀྱི་ནོར་འཛོལ་དང་ནོར་འཁྲུལ་དེ་གོང་རིམ་གྱིས་བཀག་སྡོམ་བྱེད་དགོས་པའི་བཀའ་རྒྱ་བཏང་རྗེས་སྔར་བཞིན་རང་སྣང་གང་ཤར་གྱིས་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་དང་དབྱེ་བ་འབྱེད་དགོས།
འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྐང་བཙུགས་ནས་མ་ཡིན་པའི་ནོར་འཛོལ་བྱུང་བ་དེ། སྒེར་ཕན་དོན་གཉེར་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་དང་དབྱེ་བ་འབྱེད་དགོས།
◆ རྒྱབ་ལྗོངས།
འཚར་ལོངས་ཀྱི་བརྒྱུད་རིམ་དང་། སྤྱི་ཚོགས་ཀྱི་ཁོར་ཡུག ཆབ་སྲིད་ཀྱི་ཁོར་ཡུག་སོགས་ཕྱོགས་མང་པོའི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་མིག་སྔར་ལས་བྱེད་པའི་དཔུང་ཁག་ལ་ཡང་རྙོག་འཛིང་ཆེ་བའི་གནས་ཚུལ་སྣ་ཚོགས་འཕྲད་པ་སྟེ། མངོན་གསལ་དོད་པའི་གནད་དོན་ཞིག་ནི་ལས་བྱེད་པ་ཁག་གཅིག་གི་བློ་ཐག་མི་ཆོད་པ་ཆེ་རུ་སོང་བ་དང་། ཧུར་བརྩོན་རང་བཞིན་མེད་པ། “དཔོན་གནས་ཁུར་ཡང་ལས་དོན་མི་སྒྲུབ་པའི”གནས་ཚུལ་ངེས་ཅན་བཅས་ཡོད།
གཅིག་ནས་འཇོན་ཐང་མི་འདང་བར“བྱེད་མི་ཐུབ་པ”
གཉིས་ནས་སྒུལ་ཤུགས་མི་འདང་བར“བྱེད་མི་འདོད་པ”
གསུམ་ནས་འགན་འཁུར་རྒྱུ་མི་འདང་བར“བྱེད་མི་ཕོད་པ”བཅས་རེད།
ལས་བྱེད་པ་ཁག་གཅིག་གི“དཔོན་གནས་ཁུར་ཡང་ལས་དོན་མི་སྒྲུབ་པ”དེ་འབུར་དུ་ཐོན་པའི་གནད་དོན་དུ་གྱུར་ཡོད་པས། རིམ་པ་ཁག་གི་ཏང་ཨུད་ཀྱིས་སྒུག་འགྱངས་མི་བྱེད་པར་རྩོད་སྒྲུབ་ཀྱིས་སྲིད་ཇུས་ལག་བསྟར་བྱས་ནས་མགྱོགས་མྱུར་ཁ་ཕྱོགས་བསྒྱུར་བར་བརྩོན་ལེན་བྱེད་དགོས།
◆ དམིགས་ཡུལ།
ནན་པོ་བྱེད་པ་ནི་ཚང་མར་ལྟ་འདོམས་ནན་པོ་བྱས་ཏེ་སྔ་བལྟས་ཕྱི་བསམ་དང་སྔ་འཇིགས་ཕྱི་སྐྲག་ངང་ནས་ཉབ་ཉོབ་དང་ལས་ཀ་མི་བྱེད་པར་ཐབས་རྡུགས་ངང་མི་གནས་པར། ཁ་ཕྱོགས་གསལ་སྟོན་དང་། སྒྲིག་སྲོལ་འཛུགས་པ། སྤྱོད་ཚུལ་སྲོང་བ། རིམས་འགོག་ནུས་པ་ཆེར་གཏོང་བཅས་བརྒྱུད་སྤྱོད་བཟང་གཞུང་དྲང་གི་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་ཅིག་ཆགས་པར་བྱེད་པ་དང་། ལས་སྒྲུབ་ལས་གཏོད་ལ་ཕན་པའི་ཁོར་ཡུག་བཟང་པོ་བསྐྲུན་ནས་ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་བས་སྐུལ་སློང་བྱེད་དགོས།
2022ལོའི་ཟླ་10ཚེས་23ཉིན།
--ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད།
སྤྱོད་ཚུལ་ལེགས་ལ་སྒྲུབ་ཕོད་པ་དང་སྒྲུབ་ཕོད་པ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་བྱེད་པར་སྲུང་སྐྱོང་དང་། རྒྱ་ཆེའི་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ཐུབ་བྱས་ནས་ཁོང་ཚོས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་སྒྲུབ་ལས་གཏོད་ལ་སྐུལ་མ་གཏོང་དགོས།
2016ལོའི་ཟླ་1ཚེས་18ཉིན།
--ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་འགོ་ཚུགས་པའི་མཛད་སྒོར་གནང་བའི་གསུང་བཤད།