《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月10日

སར་པི་ཡའི་ཧང་སར་ལྕགས་ལམ་གྱི་ཀྲུང་གོའི་བཟོ་བཀོད་པ།

↑འདི་ནི་སར་པི་ཡའི་ནུའོ་ཝེ་ས་ཏེར་ཏོན་ཝེ(གཡས)ཡིས་སར་པི་ཡའི་ལས་བཟོ་དང་མཉམ་དུ་ཚོགས་འདུ་འཚོག་བཞིན་པ།

↑འདི་ནི་སར་པི་ཡའི་ནུའོ་ཝེ་ས་ཏེར་ཡོད་པའི་ཧང་སར་ལྕགས་ལམ་སར་པི་ཡ་དུམ་བུའི་རྣམ་གྲངས་པུའི་སྒར་སར་ཏོན་ཝེས་ཧང་སར་ལྕགས་ལམ་གྱི་རྣམ་གྲངས་ངོ་སྤྲོད་བྱེད་བཞིན་པ།

↑འདི་ནི་སར་པི་ཡའི་ནུའོ་ཝེ་ས་ཏེར་ཡོད་པའི་ཧང་སར་ལྕགས་ལམ་སར་པི་ཡ་དུམ་བུའི་རྣམ་གྲངས་པུའི་སྒར་སར་ཏོན་ཝེས(གཡོན)ཕྱི་རྒྱལ་གྱི་ལས་བཟོ་དང་མཉམ་དུ་ལྕགས་ལམ་ཨར་སྐྲུན་བྱས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།

ཧང་སར་ལྕགས་ལམ་སར་པི་ཡའི་རྣམ་གྲངས་པུའི་སྤྱི་ཁྱབ་བཟོ་བཀོད་པ་གཞོན་པ་ཏོན་ཝེ་2017ལོར་སར་པི་ཡར་སླེབས་པ་དང་ད་ལོ་ནི་ལོ་བརྒྱད་པ་རེད། ཁོང་གིས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་དབར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་དེའི་འཛུགས་སྐྲུན་གྱི་བརྒྱུད་རིམ་ལ་བདེན་དཔང་ཐུབ་པ་དང་ལྕགས་ལམ་སྒྱུར་བཀོད་ཚུད་པའི་ལྕགས་ལམ་འཛུགས་སྐྲུན་གྱི་ལྷུ་ཚིགས་མང་པོར་ཞུགས་མྱོང་ཡོད།

ལོ་བདུན་ལྷག་ཙམ་རིང་ཁོང་དང་ལས་རོགས་ཚོས་དཀའ་སྤྱད་ངལ་རྩོལ་བྱས་པར་སར་པི་ཡའི་ལས་རོགས་ཚོའི་ཁས་ལེན་ཐོབ་པ་མ་ཟད། ཡུལ་དེ་གའི་དམངས་ཚོགས་ཚོས་ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་པར་རྒྱུས་མངའ་བྱུང་ཡོད། ཕྱི་རྒྱལ་དུ་སྡོད་པའི་ཉིན་མཚན་2500ལྷག་ཙམ་ནང་ཁོང་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་པའི་འགན་འཁྲི་འཁུར་སེམས་ལག་ལེན་བསྟར་ཡོད།