ཉེ་ཆར། མལ་གྲོ་གུང་དཀར་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཀ་ཚལ་གནས་སྤོས་ས་ཚིགས་སུ་2024ལོའི་ལོ་འཁོར་གྱི་དམིགས་བསལ་སྒྲིག་ཆས(གློག་སྐས)ཀྱི་བདེ་འཇགས་ལས་འཛོལ་གྱི་Ⅳརིམ་པའི་འཕྲལ་སྡོམ་ནང་སྦྱོང་གི་ཡུལ་དངོས་ལྟ་སྦྱོང་འདུ་ཚོགས་གཉེར་བ་རེད། ཐེངས་འདིའི་དངོས་འཐབ་ནང་སྦྱོང་བརྒྱུད། མལ་གྲོ་གུང་དཀར་རྫོང་གི་གློག་སྐས་ཀྱི་ཐོལ་བྱུང་ལས་འཛོལ་ལ་འཕྲལ་སྡོམ་རོགས་སྐྱོར་བྱེད་པའི་ཆུ་ཚད་མཐོ་རུ་དང་། དམིགས་བསལ་སྒྲིག་ཆས་ཀྱི་ཐོལ་བྱུང་ལས་འཛོལ་ལ་ཁ་གཏད་གཅོག་པའི་ཕྱོགས་བསྡུས་འགོག་ཟོན་ནུས་པ་ཆེ་རུ། ལས་མི་ཡོངས་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་བཅས་ཕྱིན་ནས། རྫོང་དེ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་ཅིང་། འདི་ནི་ནང་སྦྱོང་བྱ་ཡུལ་ཡིན་པ།