ཁྲོན་བོད་གཞུང་ལམ་བརྒྱུད་ནས་བོད་ཀྱི་གཞི་རིམ་དུ་བསྐྱོད་སྐབས། རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཡིན་པའི་དྲ་རྒྱས་གྲོང་གསེབ་ལ་རིམ་གྱིས་འགྱུར་ལྡོག་འགྲོ་བཞིན་པའི་སྣང་ཚུལ་དེས་མི་རྣམས་ལ་བག་ཆགས་གཏིང་ཟབ་འཇོག་གི་ཡོད།
རྒན་རྒོན་མི་ཉུང་བ་ཞིག་གིས་ལག་ཐོགས་ཁ་པར་ནས་གླུ་གར་འཁྲབ་སྟོན་དང་། གློག་བརྙན། བརྙན་འཕྲིན་བཅས་ལྟ་རྒྱུར་དགའ་པོ་བྱེད་པ་དང་། ན་གཞོན་མང་པོ་ཞིག་གིས་དྲ་བ་ནས་ཅ་ལག་ཉོ་བ་དང་། བརྙན་ཐུང་ལྟ་བ། ཆ་འཕྲིན་ལྟ་བ་བཅས་ལ་དགའ་པོ་བྱེད་པ། ཕྲུ་གུ་ཚོས་དྲ་ཐོག་ཏུ་སློབ་སྦྱོང་དང་འགུལ་བརྙན་ལྟ་བར་དགའ་པོ་བྱེད་པ། ཚོང་ལས་མཁས་པའི་མཉམ་ལས་ཁང་གི་འགན་འཁུར་བ་དང་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་གྱི་ཡུལ་མི་སྤུན་ཟླ་ཚོས་དྲ་རྒྱ་བརྒྱུད་ནས་དྲིལ་བསྒྲགས་དང་ཡུལ་ཟོག་འཚོང་བ། གཞི་རིམ་ལས་བྱེད་པས་དྲ་རྒྱ་བརྒྱུད་ནས་དམངས་འཚོ་དང་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་སྲིད་ཇུས་སྒྲོག་འགྲེལ་དང་ཞབས་འདེགས་ཞུ་བ་སོགས་ལས་ཀ་ཧ་ཅང་མང་པོ་བྱེད་ཀྱི་ཡོད།
དེ་ནི་ཚེ་རིང་ཆོས་སྒྲོན་གྱིས“གཞུང་ལམ་དང་འདྲ་བའི་དྲ་རྒྱས་ང་ཚོ་དང་ཕྱི་རོལ་གྱི་བར་ཐག་ཉེ་རུ་བཏང་སོང”ཞེས་བཤད་པ་དང་ཨ་ན་མ་ན་རེད། ལམ་བདེ་མོ་དང་དྲ་རྒྱ་མྱུར་པོས་འཚོ་བར་སྟབས་བདེ་དང་དངོས་པོའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་མ་ཟད། མི་རྣམས་ཀྱི་མཐོང་རྒྱ་ཡངས་སུ་གཏོང་བ་དང་། འདུ་ཤེས་བསྒྱུར་བ། སེམས་ཤུགས་འཕེལ་བ་བཅས་ལ་དེ་བས་ཀྱང་སྐུལ་འདེད་ཐེབས་པས་དེ་ནི་གསོན་ཤུགས་གསར་པ་ཞིག་རེད།
འགྲོ་ལམ་དང་དྲ་བ་བརྒྱུད་ནས་བོད་ཀྱི་ཐག་རིང་ཤོས་ཀྱི་གྲོང་གསེབ་དག་ཀྱང་འཛམ་གླིང་དང་འབྲེལ་མཐུད་དམ་ཟབ་བྱུང་སྟེ་འབྱུང་འགྱུར་འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་ཆེན་པོ་ཡོད་པ་རེད།