《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月08日

པར་རིས་གསར་འགྱུར།

↑ ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་མོ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་སྙིང་སྟོབས་མཚོན་པར་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ནས་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་ལྡན་པ་དང་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུས་པ་རེད།

འདི་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གྲུ་པ་རོང་ཤང་དུ“རླབས་ཆེན་གྱི་ཀྲུང་གོ་གསར་པར་བསྟོད་གླུ་ཕུལ། བདེ་སྐྱིད་ཀྱི་དུས་རབས་གསར་པར་མཉམ་འཛོམས་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བཞིན་པ།

↑ འདི་ནི་ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གྲོང་ཤར་ཡན་ལག་བུ་བཅོལ་ཁང་གི་ཕྲུ་གུ་ཚོས་རྒྱན་གོས་ངོམ་སྟོན་བྱེད་བཞིན་པ།

↑ འདི་ནི་མཚོ་སྣ་གྲོང་ཁྱེར་གྱིས“དམངས་ཡོངས་ཀྱིས་བཀྲ་ཤིས་པའི་སྒོར་གཞས་འཁྲབ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་སྒོར་གཞས་འགྲན་བསྡུར་བྱེད་བཞིན་པ།

→ རྒྱལ་སྟོན་གྱི་གུང་གསེང་རིང་སྤྲོ་གསེང་དང་ཆབས་ཅིག་མི་མང་པོ་ཞིག་དཔེ་མཛོད་ཁང་དུ་བསྐྱོད་དེ་རང་ཉིད་ཀྱི་ཤེས་རྒྱ་ཆེ་རུ་བཏང་ནས་དཔེ་ཀློག་གི་སྤྲོ་སྣང་ལོངས་སུ་སྤྱོད་བཞིན་ཡོད་ཅིང་། འདི་ནི་ལྷ་སའི་ལྟེ་བའི་དེབ་ཁང་ཆེ་མོར་གྲོང་མི་ཚོས་དེབ་ལྟ་བཞིན་པ།