《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月08日

རང་ལྗོངས་ཀྱི་རྟ་རྩལ་རུ་ཁག་ལ་རྒྱལ་ཡོངས་ཀྱི་རྟ་རྩལ་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་གྱི་ཚོགས་པའི་ཨང་གཉིས་པ་ཐོབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར། མཇུག་འགྲིལ་མ་ཐག་པའི་2024ལོའི་རྒྱལ་ཡོངས་ཀྱི་རྟ་རྩལ་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་ནང་བོད་ཀྱི་རྟ་རྩལ་རུ་ཁག་གིས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཚོགས་པའི་ཨང་གཉིས་པ་བླངས་པ་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལེགས་སྐྱེས་འགྲན་བསྡུར་ཟླ་9ཚེས་30ཉིན་ནས་ཟླ་10ཚེས་3ཉིན་བར་ཧྲའན་ཤིས་ཞིང་ཆེན་ཤིས་ཞན་ཁུལ་གསར་ཆིང་ཧན་རྒྱལ་སྤྱིའི་རྟ་རྩལ་ལྟེ་གནས་སུ་གཉེར་བ་དང་། ཀྲུང་གོ་རྟ་རྩལ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། ཚོགས་པའི་འགྲན་བསྡུར་དང་མི་སྒེར་གྱི་འགྲན་བསྡུར་ཁག་གཉིས་བཙུགས་ཡོད་ལ། རྒྱལ་ཡོངས་ཀྱི་ལུས་རྩལ་རུ་ཁག་5ཡི་བདམས་ཐོན་པ་29འགྲན་བསྡུར་ནང་ཞུགས་ཡོད། འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད། རང་ལྗོངས་ཀྱི་ལུས་རྩལ་པ་སྤེན་པ་ཚེ་རིང་དང་། སྐལ་བཟང་ཕུན་ཚོགས། བསྟན་འཛིན་བློ་བརྟན། དབང་རྒྱལ་བཅས་ལས་གྲུབ་པའི་ཚོགས་པས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཚོགས་པའི་ཨང་གཉིས་པ་བླངས་ཡོད། དེ་དང་ཆབས་ཅིག མི་སྒེར་གྱི་འགྲན་བསྡུར་ནང་རང་ལྗོངས་ཀྱི་བདམས་ཐོན་པ་བསྟན་འཛིན་བློ་བརྟན་ལ་ཨང་གཉིས་པ་ཐོབ་པ་དང་། ཚེ་རྒྱལ་དང་། སྐལ་བཟང་ཕུན་ཚོགས། སྤེན་པ་ཚེ་རིང་བཅས་ལ་ཨང་བཞི་པ་དང་། ལྔ་པ། དྲུག་པ་བཅས་ཁག་སོ་སོར་ཐོབ་ཡོད།