ཉིན་ཤས་རིང་། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གིས་རྫོང་ལྟེ་བའི་སྨན་ཁང་དང“གཞོན་ནུའི་མཚན་མོའི་སློབ་གྲྭ”སོགས་སུ་མྱུར་སྐྱོབ་ཤེས་བྱ་ཁྱབ་གདལ་གསོ་སྦྱོང་བྱས་པ་རེད། གསོ་སྦྱོང་བྱེད་རིང་ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་སྨན་པས་སློབ་མ་རྣམས་ལ་དྲན་པ་གསོ་ཐབས་དང་། ཧའེ་མུ་ལི་ཁེའི་མྱུར་སྐྱོབ་བྱ་ཐབས། ལུས་ཕྱིའི་རྨ་ཁར་རྨ་རས་དཀྲི་བ་དང་ཁྲག་གཅོད་ཐབས་སོགས་ཀྱི་སྨན་བཅོས་ཀྱི་སྲོག་སྐྱོབ་ཤེས་བྱ་བསླབ་པ་བརྒྱུད། སྨན་དོན་པ་དང་གཞོན་ནུ་ཚོགས་སྤྱིའི་འཕྲལ་སྡོམ་སྨན་བཅོས་ཀྱི་སྲོག་སྐྱོབ་འཇོན་ཐང་ཆེ་རུ་ངེས་ཅན་ཕྱིན་ཡོད་པ་རེད།
འདི་ནི་ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་སྨན་པས་དྲན་པ་གསོ་ཐབས་སློབ་བཞིན་པ།