རྒྱལ་སྟོན་གུང་གསེང་རིང་། རང་ལྗོངས་ཀྱི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རྒྱུན་མཐུད་སྤེལ་ཞིང་། སྤྲོ་སྣང་ལྡན་པའི་བྱེད་སྒོ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་འཁྲབ་སྟོན། རྒྱལ་གཅེས་རིང་ལུགས་ཀྱི་གློག་བརྙན་ལྟ་བ་སོགས་ལ་ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཞུགས་ནས། གསར་བརྗེའི་དྲན་ཤེས་བསྐྱར་དྲན་དང་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བར་སྨོན་འདུན་ཞུ་གི་ཡོད།