མངའ་རིས་ཀྱིས་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་བསྡུར་བྱས་པ།
འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མངའ་རིས་ས་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་མངའ་རིས་ས་ཁུལ་གྱི་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་བསྡུར་བྱས་པ་རེད།
འགྲན་བསྡུར་བྱེད་རིང་། མངའ་རིས་ས་ཁུལ་གྱི་རྫོང་7གྱི་རྫོང་རིམ་པ་དང་ཤང་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་20ཡིས་བརྗོད་དོན་གཙོ་བོར་དམིགས་ནས་རང་ངོས་སམ་ཡང་ན་ཉེ་འགྲམ་གྱི་མིའི་སློབ་སྦྱོང་དང་། འཚོ་བ། ལས་ཀ འཚར་ལོངས་ཀྱི་བརྒྱུད་རིམ་བཅས་བརྗོད་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཀྱི་གལ་ཆེའི་རང་བཞིན་གསལ་འགྲེལ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་ཁྲོད་མཉམ་ཞུགས་པ་དང་། ལག་ལེན་པ། ཁྱབ་སྤེལ་བ་བཅས་བྱ་རྒྱུའི་བརྩོན་ལེན་བྱས་ཤིང་། འགྲན་བསྡུར་བྱ་ཡུལ་དུ་རྣམ་པ་འཁྲུག་ཆ་དོད་ཅིང་། བདམས་ཐོན་པ་ཚོའི་གཏམ་བཤད་ནང་དོན་ཕུན་སུམ་ཚོཌ་པ་ལས་མངའ་རིས་ས་ཁུལ་གྱི་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་རྣམ་པ་དང་ཉམས་འགྱུར་བཟང་པོ་མངོན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར། མི་དམངས་འཐུས་ཚོགས་མངའ་རིས་ས་ཁུལ་ལས་དོན་ཨུ་ལྷན་ཏང་ཙུའུ་ཡིས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་སྔར་བས་བཏོན་ནས། དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་སྤེལ་ཏེ་མི་རིགས་ཁག་གི་མང་ཚོགས་མི་རིགས་མཐུན་སྒྲིལ་གྱི་ཡར་ཐོན་འཛུགས་གཏོད་ལས་དོན་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱ་རྒྱུ་རེད།