《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月04日

དོན་འཁྱོལ་དམ་འཛིན་ཞིབ་ཚགས་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་པ།

ལྷ་ས་གྲོང་ཁྱེར་གྱི་ནོར་སྲིད་སྒྲིག་སྲོལ་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་ཚད་བརྒལ་བྱུང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འདི་ལོ་ནས་བཟུང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱི་ནོར་སྲིད་སྒྲིག་སྲོལ་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་སྐྲུན་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱས་པ་རེད།

རྒྱལ་ཁབ་ཀྱི་རྨང་གཞིའི་ཚད་གཞི་དང་ས་གནས་ཀྱི་ཚད་གཞི་ཕན་ཚུན་ཟུང་འབྲེལ་བྱེད་པའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་འགན་སྲུང་གི་ཚད་གཞིའི་མ་ལག་བཙུགས་པ་དང་གཞུང་འཁོར་བོགས་གཏོང་དང་། སྡེ་ལས་གྲོན་དངུལ། དབང་པོ་སྐྱོན་ཅན་བཅོལ་གསོའི་ལས་ཁུངས་ཀྱི་བཅོལ་གསོ་འཁོར་སྐྱོད་སོགས་གཏོང་སྒོའི་བཅད་གྲངས་ཚད་གཞི་ཁག་8གཏན་འབེབས་བྱས་ཏེ། སྔོན་རྩིས་རྩོམ་བཟོ་གནད་ལ་སྨིན་པ་དང་ཚན་རིག་དང་མཐུན་པ་བྱས་ཡོད། 《ལྷ་ས་གྲོང་ཁྱེར་གྱི་ནོར་སྲིད་མ་དངུལ་བགོ་འགྲེམས་བརྒྱུད་རིམ་སྔར་བས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》བཟོས་ཏེ་ནོར་སྲིད་མ་དངུལ་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་དོ་དམ་ནུས་ལྡན་བྱས་ཡོད། 《བྱེད་ནུས་གླིང་ཁུལ་གྱི་ནོར་སྲིད་མ་དངུལ་བགོ་འགྲེམས་དང་དོ་དམ་སྐོར་གྱི་བསམ་འཆར》བཟོས་ནས་ནོར་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི་ནུས་པ་ཆེ་རུ་བཏང་ཡོད། ལྷ་ས་གྲོང་ཁྱེར་གྱི་དམངས་ཕན་ཞིང་ཕན་ཁྱབ་ཁོངས་དང་། ལྷ་ས་གྲོང་ཁྱེར་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་ནོར་སྲིད་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་ལག་བསྟར་ཇུས་གཞིར་བཟོ་བཅོས་བརྒྱབ་སྟེ་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། སྔོན་རྩིས་ཀྱི་ཕན་འབྲས་དམིགས་ཚད་དོ་དམ་ལ་དམིགས་ཏེ་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་དང་ཚན་པས་ལས་རིགས་དང་ཁྱབ་ཁོངས་དབྱེ་བའི་ཕན་འབྲས་དམིགས་ཚད་མ་ལག་བཙུགས་པ་དང་རྣམ་གྲངས་1172དམིགས་ཚད་མཛོད་དུ་བཅུག་པ་དང་ཕན་འབྲས་དམིགས་ཚད་10291བཟོས་ཡོད། 《ལྷ་ས་གྲོང་ཁྱེར་གྱི་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་ལས་རྗེས་དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས》ལ་བཟོ་བཅོས་བརྒྱབ་ནས་ནོར་སྲིད་མ་དངུལ་སྤྱོད་པའི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་བཏང་ཡོད། 《ལྷ་ས་གྲོང་ཁྱེར་གྱི་རིམ་པ་དེ་གའི་ཏང་སྲིད་ལས་ཁུངས་དང་བྱ་གཞག་ཚན་པའི་གཞུང་འཁོར་བོགས་གཏོང་དོ་དམ་ལག་བསྟར་བྱ་ཐབས》བཀྲམ་ནས་ཏང་སྲིད་ལས་ཁུངས་དང་བྱ་གཞག་ཚན་པའི་གཞུང་འཁོར་བོགས་གཏོང་བྱ་སྤྱོད་ལ་ཤུགས་སྣོན་བརྒྱབ་ཡོད། སྲིད་གཞུང་གིས་ཉོ་སྒྲུབ་བྱེད་པའི་ལས་གྲྭའི་རྣམ་གྲངས་དེ་ཁེ་ལས་འབྲིང་ཆུང་ལ་སྔོན་ཉར་བྱས་པའི་སྐལ་གྲངས་30%ཡན་ནས་དུས་མཚམས་རང་བཞིན་ངང་40%ཡན་མཐོ་རུ་བཏང་ནས་ཁེ་ལས་འབྲིང་ཆུང་གི་འགྲན་རྩོད་ནུས་པ་ཆེ་རུ་དང་ཁེ་ལས་འཕེལ་རྒྱས་གཏོང་བའི་གདེང་ཚོད་ཆེ་རུ་བཏང་ཡོད། 《ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཉོ་སྒྲུབ་གན་རྒྱའི་མ་དངུལ་བསྡུ་སྒྲིལ(སྲིད་གཞུང་གི་ཉོ་སྒྲུབ་དངུལ་བུན)ལས་དོན་ལག་བསྟར་ཇུས་གཞི》བཀྲམ་ནས་ཁེ་ལས་འབྲིང་ཆུང་གིས་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་གྱི་རིན་གོང་མཐོ་བའི་གནད་དོན་ཐག་གཅོད་བྱས་ཡོད། གྲོང་ཁྱེར་དོ་དམ་དང་བཀོད་པ་དང་། ཁོར་ཡུག་འཕྲོད་བསྟེན། སྐྱེད་ཚལ་སྔོ་འགྱུར་བཅས་ཀྱི“དབང་ཆ་དང་འགན་འཁྲི་གསུམ”གྱི་ལས་དོན་མ་དངུལ་གཞན་སྒྱུར་དང་འབྲེལ་མཐུད་ལས་དོན་ཕན་ཆེ་དང་གོ་རིམ་ལྡན་པའི་སྒོ་ནས་ལེགས་སྒྲུབ་བྱས་ཏེ་གྲོང་ཁྱེར་དོ་དམ་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།