《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年10月02日

བོད་ལྗོངས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གིས།

དཔོན་དམག་སྒྲིག་འཛུགས་བྱས་ཏེ་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་གྱི་རྗེས་ཤུལ་དྲན་གསོ་ཁང་ལ་ལྟ་སྐོར་བྱས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། “བློ་སེམས་བརྟན་པོ་ཏང་ལ་ཕྱོགས་ནས་ལྷག་བསམ་མངོན། གཅིག་སེམས་གཅིག་སྒྲིལ་འབད་འབུངས་མདུན་སྐྱོད་འགན་འཁྲི་སྒྲུབ”ཅེས་པའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དཔོན་དམག་གིས་གདོང་ལེན་བྱ་རྒྱུར་སྐུལ་མ་གཏོང་བ། དཔོན་དམག་ཚོས“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུར་ཁྲིད་སྟོན་བཅས་བྱ་ཆེད། ཉེ་ཆར་བོད་ལྗོངས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གིས་དཔོན་དམག་སྒྲིག་འཛུགས་བྱས་ཏེ་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་གྱི་རྗེས་ཤུལ་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་པར་བསྐྱོད་པ་རེད།

རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་གྱི་རྗེས་ཤུལ་དྲན་གསོ་ཁང་དུ་སྐྱོད་སྐབས་དཔོན་དམག་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་དང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་བརྒྱབ་པའི་ལོ་རྒྱུས་ནན་ཏན་ངང་ཉན་ནས་ཟིལ་རླབས་དགུང་འཕྱུར་གྱི་གསར་བརྗེའི་ལོ་རྒྱུས་ཤེས་རྟོགས་གཏིང་ཟབ་བྱས་པ་རེད། མི་སེམས་འགུལ་བའི་ལོ་རྒྱུས་ཀྱི་པར་རིས་རེ་རེ་དང་། རྩ་ཆེའི་གསར་བརྗེའི་རིག་དངོས་རེ་རེ། གསར་བརྗེའི་གཏམ་རྒྱུད་རེ་རེ་བཅས་ལས་དཔོན་དམག་ཚོར་ཏང་གི་ལོ་རྒྱུས་རིག་གནས་ཀྱི་སློབ་གསོ་ཐེབས་པ་མ་ཟད། གསར་བརྗེའི་སྔོན་བྱོན་པའི་སྙིང་སྟོབས་རླབས་པོ་ཆེ་ཉམས་སུ་མྱངས་པ། གསར་བརྗེའི་སྔོན་གཤེགས་དཔའ་བོའི་རང་སྲོག་བློས་གཏོང་ཕོད་པའི་བླ་ན་མེད་པའི་གཤིས་རྒྱུད་དང་དཔའ་ངར་ཞུམ་མེད་ཀྱི་བློ་སྟོབས་བརྟན་པོ་དངོས་སུ་མྱོང་ལེན་བཅས་བྱས་ནས་ལོ་རྒྱུས་དང་རྒྱུན་འཛིན་གྱི་ཁྲོད་ནས་དད་སེམས་ཀྱི་སྟོབས་ཤུགས་ཆེན་པོ་བསྡུ་ལེན་བྱས་ཡོད།