འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ལྷོ་ཁ་གྲོང་ཁྱེར་ཚོང་དོན་ཅུས་དང་ལྷོ་ཁ་ཡུལ་སྐོར་མ་འཇོག་ཀུང་སིས་མཉམ་འབྲེལ་ཐོག་གཉེར་འགན་འཁུར་བའི་2024ལོའི“ཀྲུང་ཧྭའི་ཞིམ་ཟས། བོད་ཀྱི་དྲི་ཞིམ་ཡར་ཀླུང་དུ་འཐུལ་བའི”གསར་གཏོད་དང་འབྱུང་འགྱུར་གྱི་ཞིམ་ཟས་འགྲན་བསྡུར་ཆེ་མོའི་ལྷོ་ཁའི་གྲ་སྒྲིག་འགྲན་བསྡུར་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གསོལ་མགྲོན་ཁང་དུ་བདེ་བླག་ངང་གཉེར་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་དུས་ཡུན་ཉིན་གཉིས་ཡིན་པ་དང་། ལྷོ་ཁའི་ས་ཆ་ཁག་ནས་ཡོང་བའི་ཕུལ་བྱུང་བཟའ་བཏུང་ཁེ་ལས་26གི་འཐུས་མི་འགྲན་བསྡུར་ལ་ཞུགས་ཡོད། འགྲན་བསྡུར་ཆེ་མོར་ཞུགས་མཁན་བདམས་ཐོན་པས་གཏན་འཁེལ་གྱི་དུས་ཚོད་ནང་གཏན་འཁེལ་བྱས་པའི་ཚལ་དང་རང་འདེམས་ཚལ་བཟོ་དགོས་པ་མ་ཟད། ལྷོ་ཁའི་ས་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ཡར་ཀླུང་གི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་མཚོན་པར་བྱེད་དགོས་ཀྱི་ཡོད་པ་རེད།
ཉིན་གཉིས་ཀྱི་འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད། དགའ་གྲུབ་ལ་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་། བཀྲ་ཤིས་དང་རྒྱལ་མཚན་བཟང་པོར་བྱ་དགའ་རིམ་པ་གཉིས་པ་ཐོབ་པ། ཐང་ཙུའུ་ཅུན་དང་། བློ་བཟང་བསྟན་པ། ཅ་ལུང་བཅས་ལ་བྱ་དགའ་རིམ་པ་གསུམ་པ་ཐོབ་ཡོད། གཞན་ཡང་འགྲན་བསྡུར་ཆེ་མོར་ད་དུང་ཁྱད་ལྡན་བྱ་དགའ་5དང་། གསར་གཏོད་བྱ་དགའ་5 ལྕག་སྐུལ་བྱ་དགའ་10བཅས་བདམས་ཡོད་པ་རེད།