《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月28日

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ནེ་པ་ལའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་26ཉིན་གནས་ཚུལ་འབྱོར་གསལ། ཚེས་24ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སུན་ཤན་ཀྲུང་གིས་ལྷ་སར་ནེ་པ་ལའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་དྲུང་ཆེ་ཕན་ཏི་དང་བཅས་པར་མཇལ་འཛོམས་གནང་བ་རེད།

སུན་ཤན་ཀྲུང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་འཐུས་མི་ཚོགས་པ་དང་བཅས་པར་དགའ་བསུ་ཞུས་པ་མ་ཟད། རང་རྒྱལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་མདོར་བསྡུས་ཀྱང་གནང་བ་རེད། ཁོང་གིས། ཀྲུང་ནེ་རྒྱལ་ཁབ་གཉིས་པོ་ནི་སྔར་ནས་བཟུང་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ་བཅས་རེད། ཉེ་བའི་ལོ་ཤས་རིང། རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་ཟབ་ཏུ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་ཟབ་ཏུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད། གཙོ་བདག་གི་ཕྱི་འབྲེལ་སྣེ་ཁྲིད་འོག ནེ་པ་ལ་དང་གཉིས་ཁེ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་ནེ་པ་ལའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་དབར་གྱི་མཛའ་གྲོགས་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་ཁྲོད་མུ་མཐུད་འབད་བརྩོན་བྱས་ཏེ་ཀྲུང་ནེའི་སྲོལ་རྒྱུན་མཛའ་གྲོགས་དང་ཕྱོགས་གཉིས་པོའི་འབྲེལ་བ་ཟབ་ཏུ་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

ཕན་ཏི་ཡིས་གསུངས་དོན། ནེ་པ་ལས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ཞུས་ནས་སྟོབས་ཤུགས་གང་རུང་ཞིག་གིས་ནེ་པ་ལའི་མངའ་ཁོངས་སྤྱད་དེ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྤྱོད་སྤེལ་དུ་གཏན་ནས་འཇུག་གི་མིན། ཕྱོགས་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞིའི་དབར་གྱི་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཀྲུང་ནེའི་མཛའ་གྲོགས་ཟབ་ཏུ་བཏང་སྟེ་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།