《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月27日

རང་སྐྱོང་ལྗོངས་ཀྱི་2024ལོའི་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ལྷ་སར་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་25ཉིན་གནས་ཚུལ་འབྱོར་གསལ། ཚེས་25ཉིན་གྱི་སྔ་དྲོར“ཡིད་རྟོན་བསྲི་ཚགས། བདེ་འཇགས་བཟའ་བཅའ་མཉམ་སྤྱོད”ཅེས་པའི་བརྗོད་དོན་གཙོ་བོའི་བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ལྷ་སར་སྤེལ་ཞིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཕེབས་ནས་གཟིགས་ཞིབ་གནང་བ་རེད།

བྱེད་སྒོ་སྤེལ་སར། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་དང་། ལས་རིགས་མཐུན་ཚོགས། བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་སོགས་ཚན་པ་60ཙམ་གྱིས་དྲིལ་བསྒྲགས་ས་ཚིགས་བཙུགས་ནས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་བཟའ་བཅའི་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། བདེ་འཇགས་བཟའ་བཅའ། བདེ་འཇགས་འཛད་སྤྱོད་སོགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་མ་ཟད། བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་དང་། བཟའ་བཅའི་བདེ་འཇགས་ཀྱི་སྤུས་ཚད་དོ་དམ། བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་སོགས་ངོ་སྤྲོད་བྱས་ཡོད་ལ། གྲོང་མིས་བཏོན་པའི་གནད་དོན་ལ་ལན་ཡང་བརྒྱབ་པ་རེད། དེ་དང་ཆབས་ཅིག་འགྲོ་འོང་བྱེད་མཁན་གྲོང་མི་གདན་དྲངས་ཏེ་བཟའ་བཅའི་བདེ་འཇགས་མཉམ་བཅོས་དང་བཟའ་བཅའ་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་གྲོས་འགོར་མིང་རྟགས་བཀོད་པ་དང་འབྲེལ། དམངས་ཕན་མྱུར་བཤེར་ས་ཚིགས་བཙུགས་ནས་གྲོང་མིས་ཉོས་པའི་བཟའ་བཅའ་བདེ་འཇགས་ཡིན་མིན་ལ་བརྟག་དཔྱད་བྱས་པ་རེད།