ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་ཚུན།
རང་རྒྱལ་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུ་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཤིང་། མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་རྒྱུན་ཆད་མེད་པར་བྱས་པས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།
“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ལ་དམ་པོར་
དམིགས་ནས་དམངས་འཚོའི་དོ་ཁུར་ལ་ལན་བརྒྱབ་པ།
མིག་སྔར། རང་རྒྱལ་གྱིས་འཛམ་གླིང་ཡོངས་ཀྱི་སྨན་བཅོས་འགན་སྲུང་དྲ་བ་
ཆེ་ཤོས་བསྐྲུན་ནས་མི་དུང་ཕྱུར་13ལྷག་ཙམ་ལ་ཁྱབ་པ།
སྨན་བཅོས་འགན་བཅོལ་གྱི་སྨན་རྫས་ལ་བལྟས་ན། རྒྱུན་སྤྱོད་ཀྱི་སྨན་དང་དེ་བཞིན་དམིགས་བསལ་གྱི་ནད་གཞི་དང་མཐོང་དཀོན་པའི་ནད་གཞིར་སྤྱད་པའི་སྨན་ཚུད་ཅིང་། མིང་གཞུང་ནང་གི་སྨན་རྫས་གྲངས་འབོར་རིགས་3088ཟིན་ཡོད།
འགན་བཅོལ་ནང་ཞུགས་པའི་ནད་པ་མི་ཐེངས་དུང་ཕྱུར་7.2ལ་ཕན་པ་ཐོབ་པ།
གྲོས་མོལ་གྱི་གོང་གཅོག་དང་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུ་སོགས་རྒྱུ་རྐྱེན་མང་པོར་དམིགས་ནས།
མང་ཚོགས་ལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་7000ལྷག་ཙམ་གྱི་ཁུར་པོ་ཡང་དུ་བཏང་ཡོད།
རང་རྒྱལ་གྱིས་འཛམ་གླིང་དུ་གཞི་ཁྱོན་ཆེ་ཤོས་ཀྱི་རྒན་གསོ་འགན་བཅོལ་མ་ལག་བསྐྲུན་པ།
2023ལོའི་ལོ་མཇུག་བར། རང་རྒྱལ་དུ་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་པའི་མི་གྲངས།
མི་དུང་ཕྱུར་10.66ཟིན་པ་དེ།
1989ལོའི་ལོ་མཇུག་དང་བསྡུར་ན་མི་དུང་ཕྱུར་10.09མང་དུ་སོང་ཡོད།