འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་ཆུ་བེད་ཅུས་ཀྱིས་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དང་དེ་བཞིན“ཆུ་གྲོན་སྔོན་སྤེལ་དང་། བར་མཐོངས་དོ་སྙོམས། མ་ལག་བཅོས་སྐྱོང་། ཕྱོགས་གཉིས་ཤུགས་འདོན”བཅས་ཀྱི་ཆུ་བཅོས་སྐྱོང་བསམ་ཕྱོགས་ལག་བསྟར་ཧུར་ཐག་བྱས་ཏེ། ཆུའི་བདེ་འཇགས་འགན་ལེན་བྱེད་རྒྱུ་དང་། ཆུ་དྲའི་མ་ལག་ཤར་གཏོང་ཐུབ་པར་བྱེད་རྒྱུ། ཆུའི་ཐོན་ཁུངས་ལེགས་བསྡུ་གྲོན་ཆུང་གིས་སྤྱོད་རྒྱུ། གཙང་པོ་དང་མཚོར་བཅོས་སྐྱོང་དང་སྲུང་སྐྱོང་བྱེད་རྒྱུ། སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་རྒྱུ། མི་དང་ཆུའི་ཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུ་བཅས་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ། མངའ་རིས་ས་ཁུལ་གྱི་ཆུའི་བདེ་འཇགས་དང་། ཆུའི་ཐོན་ཁུངས། ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག ཆུའི་རིག་གནས་བཅས་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ། ཆུ་བོའི་སྐྱེ་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་པ། མངའ་རིས་ས་ཁུལ་གྱི་ཆུ་བོ་སྲུང་སྐྱོང་དང་བཅོས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་མངའ་རིས་སྐྲུན་པར་སྐུལ་འདེད་གཏོང་རོགས་བྱས་ཡོད།
མིག་སྔའི་བར། མངའ་རིས་ས་ཁུལ་གྱིས་ཆུ་བོ་248ཀྱི་དོ་དམ་ཁྱབ་ཁོངས་དབྱེ་འབྱེད་གཏན་འབེབས་དང་། ཆུ་བོ་174ཡི“ཆུ་བོ་གཅིག་ལ་ཐབས་ཇུས་གཅིག”གི་ཇུས་གཞི་བཟོ་འགོད། ཆུ་བོ་49ཡི་ཆུ་ལམ་གྱི་བྱེ་འདོན་འཆར་གཞི་བཟོ་འགོད། ཆུ་བོ་37གྱི་བདེ་ཐང་གདེང་འཇོག་ཇུས་གཞི་བཟོ་འགོད། ཆུ་བོ་དང་མཚོ་6གི་བདེ་སྐྱིད་ཆུ་བོ་དང་མཚོ་འཛུགས་སྐྲུན་བཅས་ཀྱི་ལས་དོན་ལེགས་པར་བསྒྲུབས་ཡོད།
(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)