《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月25日

ནུས་ཤུགས་མཉམ་དུ་བསྒྲིལ་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ།

འདི་ནི་ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་སྤྱི་བདེ་དང་། འཕྲལ་སྡོམ། ཁྲོམ་ར་ལྟ་འདོམས་སོགས་སྡེ་ཚན་དང་མཉམ་དུ་གློག་སྒུལ་རྐང་འཁོར་ཕྱིར་ཚོང་བྱ་ཡུལ་དུ་བསྐྱོད་དེ་མེ་གསོད་ཡོ་བྱད་སོགས་མེ་ཟོན་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་ལས་དོན་པས་ཁྲོམ་གཞུང་དང་སྲང་ལམ་དུ་བསྐྱོད་དེ་གློག་སྒུལ་རྐང་འཁོར་གང་བྱུང་དུ་འཇོག་པ་དང་། བདེ་འཇཌ་བགྲོད་ལམ་བཀག་པ། གློག་སྐུད་ཁྲིད་ནས་གློག་གསོག་པ་སོཌ་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་གྲལ་བཤེར་དང་བཅོས་སྒྲིག་བྱེད་བཞིན་པ།

གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་བཅོས་སྒྲིག་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། གློག་སྒུལ་རྐང་འཁོར་གྱི་མེ་སྐྱོན་ཉེན་ཁའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་ཆེད། ཉིན་ཤས་བསྟུད་མར། ལྗོངས་ཡོངས་ཀྱི་ས་གནས་ཁག་གི་མེ་ཟོན་དང་། སྤྱི་བདེ། ཁྲོམ་ར་ལྟ་འདོམས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སོགས་སྡེ་ཚན་གྱིས་མཉམ་དུ་བྱ་སྤྱོད་སྤེལ་ནས་ཁྲིམས་ལས་འགལ་ཏེ་གློག་སྒུལ་རྐང་འཁོར་ལ་བཟོ་བཅོས་རྒྱག་པ་དང་། གང་བྱུང་དུ་འཇོག་པ། སྒྲིག་ཁྲིམས་འགལ་ཏེ་གློག་གསོག་པ་སོགས་ཀྱི་གནད་དོན་ལ་ཁྱོན་ཡོངས་ནས་གྲལ་བཤེར་དང་དུས་ཐོག་ཏུ་བཅོས་སྒྲིག་བྱས་པ་རེད།

དེ་དང་ཆབས་ཅིག མེ་ཟོན་དྲིལ་བསྒྲགས་པས་དང་བླངས་པ་དང་དྲ་མིག་པ་སོགས་དང་མཉམ་དུ་ཁྲོམ་གཞུང་དང་སྲང་ལམ་གང་སར་བསྐྱོད་དེ་སྒོ་བརྡུངས་ནས་དྲིལ་བསྒྲགས་སློབ་གསོ་སྤེལ་བ་མ་ཟད། ཁོངས་གཏོགས་ཁུལ་གྱི་ཁྲོམ་གཞུང་དང་། སྡེ་ཁུལ། ཁུལ་ཆུང་སོགས་སུ་གློག་སྒུལ་རྐང་འཁོར་གྱི་མེ་ཟོན་བདེ་འཇགས་ཀྱི“གཏན་འགོག་ལྔ་དང་ངེས་པར་དུ་བྱེད་དགོས་པ་ལྔའི”བསྲུང་བྱ་རྒྱ་ཁྱབ་སྦྱར་ནས། རྒྱ་ཆེའི་མང་ཚོགས་ལ་གློག་སྒུལ་རྐང་འཁོར་བེད་སྤྱོད་ཚད་ལྡན་བྱེད་པར་ཁྲིད་སྟོན་བྱས་པ་རེད།