འདི་ག་ཚགས་པར་ཁང་དུ་གྲ་ནང་ནས་གློག་འཕྲིན་འབྱོར་གསལ། མང་ཚོགས་ཀྱི་རེ་ཞུ་ཤོད་པ་དང་། ཁེ་ཕན་མཐུན་སྦྱོར། ཁེ་དབང་འགན་ལེན་བཅས་ཀྱི་བགྲོད་ལམ་སྔར་བས་ཤར་གཏོང་དང་ཚད་ལྡན་དུ་གཏོང་ཆེད། ཉེ་ཆར། གྲ་ནང་རྫོང་གིས་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་རྫོང་ཨུད་ཀྱི་སྤྱི་ཚོགས་ལས་དོན་པུའུ(ཡིག་འབུལ་ཞུ་བཅར་ཅུས)ཡི་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་སྣེ་ལེན་ཁང་དུ་བསྡད་དེ་ཡིག་འབུལ་ཞུ་བཅར་བྱེད་མཁན་མང་ཚོགས་ལ་སྣེ་ལེན་ཧུར་ཐག་ཞུས་པ་རེད།
ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་སྣེ་ལེན་ཁང་དུ་ངོ་བཅར་དུ་ཡོང་མཁན་མང་ཚོགས་ཀྱི་ཡིག་འབུལ་དཔྱད་གཞིར་ནན་ཏན་ལྟ་བ་དང་། ངང་རྒྱུད་རིང་ལ་ཞིབ་ཚགས་པོས་ཁོང་ཚོའི་གནད་དོན་དང་རེ་ཞུ་ཉན་པ། འབྲེལ་ཡོད་གནས་ཚུལ་རྩད་འདྲི་ཞིབ་ཕྲ་བཅས་བྱས་པ་དང་འབྲེལ་གནད་དོན་ཐག་གཅོད་བྱེད་སྟངས་དང་བྱེད་ཐབས་ཞིབ་འཇུག་ཧུར་ཐག་བྱས་པ་རེད། ས་གནས་ས་ཐོག་ཏུ་ཐག་གཅོད་ཐུབ་པའི་གནད་དོན་ལ་འཕྲལ་མར་ཨ་ལན་སློག་པ་དང་ཐག་གཅོད་བྱས་པ་དང་། བརྟག་དཔྱད་དང་བདེན་མིན་ཞིབ་དཔྱད་ཞིབ་ཚགས་བྱེད་དགོས་རིགས་འབྲེལ་ཡོད་སྡེ་ཚན་ལ་དུས་བཀག་ལྟར་བདག་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་པ་དང་འབྲེལ། དུས་ཐོག་ཏུ་བདག་སྤྲོད་བྱས་འབྲས་ཚུར་ལན་སྤྲད་དེ་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཐག་གཅོད་འོས་འཚམ་ཐུབ་པའི་འགན་ལེན་བྱས་པ་རེད།