《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月25日

པར་རིས་གསར་འགྱུར།

ཉེ་ཆར། ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་ཟངས་རི་གྲོང་རྡལ་སློབ་ཆུང་དུ་བསྐྱོད་དེ། སློབ་མ་ཚོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་ནས། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་བདེ་ཐང་སྐྱོན་བྲལ་གྱི་འཚོ་བའི་གོམས་གཤིས་འཇགས་པ་དང་དུག་འགོག་གི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོར་བཙུགས་ཏེ། དུག་རྫས་ཀྱི་བསླུ་བྲིད་རང་རྟོགས་ངང་འགོག་པ་དང་བདེ་ཐང་དུག་མེད་ཀྱི་མི་ཚེའི་ལམ་བུར་སྐྱོད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཤིང་། འདི་ནི་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་སློབ་མ་ཚོར་དུག་འགོག་ཤེས་བྱ་ངོ་སྤྲོད་བྱེད་པ།