འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་དེ་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་ཆེད། ཉེ་ཆར། གཞིས་རྩེ་རྟེན་མཛོད་ཁང་གིས་ཞ་ལུ་དགོན་གྱི་རིག་དངོས་རྩ་ཆེན་འགྲེམས་སྟོན་བྱས་པ་རེད། ཞ་ལུ་དགོན་དུ་ཉར་ཚགས་བྱས་པའི་གསེར་ཟངས་ཀྱི་སྐུ་བརྙན་དང་། ཐང་ག དཔེ་རྙིང་། གྱོན་གོས་སོགས་གནའ་བོའི་རིག་དངོས་རྩ་ཆེན་མང་པོ་འགྲེམས་སྟོན་བྱས་ཤིང་། ཉིན་དེར་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་དང་དེ་བཞིན་གྲོང་མི་མང་ཚོགས་2000ལྷག་ཙམ་རྟེན་མཛོད་ཁང་དུ་ལྟ་སྐོར་དུ་སླེབས་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཞ་ལུ་དགོན་གྱིས་དུས་རབས་11པ་ནས་14པ་བར་གྱི་རྒྱ་བོད་ཤན་སྦྱར་གྱི་བཟོ་བཀོད་དང་ལྡེབས་རིས་ཉར་ཚགས་འཐུས་ཚང་བྱས་པར་བརྟེན་གང་སར་སྐད་གྲགས་ཆོད་ཡོད། ད་ཐེངས་ཀྱི་འགྲེམས་སྟོན་ལས་བཟོ་སྐྲུན་སྒྱུ་རྩལ་དང་རི་མོའི་སྒྱུ་རྩལ་ཁྱབ་ཁོངས་ཀྱི་རྒྱ་བོད་མི་རིགས་དབར་གྱི་སྤེལ་རེས་དང་མཉམ་འདྲེས་གང་ལེགས་མངོན་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རིང་ལོ་རྒྱུས་ཀྱི་ནུས་པ་གལ་ཆེན་མངོན་ཡོད།