《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月25日

ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གིས་མང་ཚོགས་ལ་རླུང་འཕྲིན་དང་བརྙན་འཕྲིན་སྒྲིག་ཆས་སྤྲད་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་བསྟུད་མར་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ལས་དོན་པ་སྒྲིག་འཛུགས་བྱས་ཏེ། འབོ་ལོ་གྲོང་རྡལ་ཨ་དཀར་གྲོང་ཚོ་དང་། མཐར་ཐོག་གྲོང་ཚོ། བང་མཚོ་གྲོང་ཚོ་སོགས་གྲོང་ཚོ་དང་གྲོང་ལྷན་6ལ་བསྐྱོད་དེ་དུད་ཚང་195ཡི་མང་ཚོགས་ལ་རབས་བཞི་པའི་བྱང་སྐར་གྱི“དུད་ཚང་ཀུན་ཁྱབ”ཀྱི་རླུང་འཕྲིན་དང་བརྙན་འཕྲིན་སྒྲིག་ཆས་རིན་མེད་ངང་སྤྲད་ནས་གཞི་རིམ་གྱི་མང་ཚོགས་དེ་བས་མང་བས་ཚན་རྩལ་ཡར་ཐོན་ལས་བྱུང་བའི་སྟབས་བདེ་དང་བདེ་སྐྱིད་ལོངས་སུ་སྤྱོད་ཐུབ་པར་བྱས་པ་རེད།

སྒྲིག་ཆས་སྤྲོད་ཡུལ་ཁག་ཏུ་ལས་དོན་པས་སྔོན་ལ་ས་གནས་ས་ཐོག་ཏུ་འགྲེལ་བཤད་དང་དཔེ་སྟོན་གྱི་བྱེད་ཐབས་སྤྱད་དེ་མང་ཚོཌ་ལ་རབས་བཞི་པའི་བྱང་སྐར་གྱི“དུད་ཚང་ཀུན་ཁྱབ”སྒྲིག་ཆས་བེད་སྤྱོད་བྱེད་སྟངས་དང་། ནུས་པ་གསར་སྣོན། དོ་སྣང་བྱ་ཡུལ། ཉམས་བཟོ་དང་སྲུང་སྐྱོང་གི་བརྒྱུད་རིམ་བཅས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད། དུད་ཚང་མི་རེ་ངོ་རེར་བསྐྱོད་དེ་ས་ཡུལ་དངོས་སུ་སྒྲིག་ཆས་གསར་པ་སྙོམ་སྒྲིག་ཚོད་ལྟ་དང་སྒྲིག་སྦྱོར་བྱས་ནས་སྙིང་ཉེ་བའི་ཞབས་འདེགས་ཞུས་པར་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་མཐའ་གཅིག་ཏུ་ཐོབ་པ་རེད།

(སྒྲོན་ལགས་ཀྱིས་བསྒྱུར། ལྷག་ཚེས་ཞུས)