འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དང་ཤེས་བྱའི་བདག་དབང་ཁུལ་སྟོབས་ཆེན་འཛུགས་སྐྲུན་ལག་བསྟར་གཏིང་ཟབ་བྱས་ཏེ། དངུལ་རྩའི་འགན་བཅོལ་གྱིས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར་མངའ་རིས་ས་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཀྲུང་གོ་མི་དམངས་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སིའི་མངའ་རིས་ཡན་ལག་ཀུང་སི་དང《ཤེས་བྱའི་བདག་དབང་འགན་བཅོལ་འཐབ་ཇུས་མཉམ་ལས་གྲོས་མཐུན》བཞག་པ་རེད།
ཕྱོགས་གཉིས་པོས་མིང་རྟགས་བཀོད་པ་བརྒྱུད་མཉམ་ལས་ཀྱི་གྲོས་མཐུན་ཁག་ལྔ་བཞག་པ་རེད། ད་ཐེངས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེས་ཤེས་བྱའི་བདག་དབང་དང་དངུལ་རྩའི་ཐོན་ཁུངས་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་དང་། མངའ་རིས་ས་ཁུལ་གྱི་གསར་གཏོད་བྱེད་པོས་ཁྲོམ་ར་ཅན་གྱི་བྱ་ཐབས་སྤྱད་དེ་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་འགན་ལེན་ནུས་ལྡན་ཐུབ་རྒྱུ་ཡིན་པ་རེད།
(སྒྲོན་ལགས་ཀྱིས་བསྒྱུར། ལྷག་ཚེས་ཞུས)