ཉེ་ཆར། རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་། ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་། སྣེ་གདོང་ཆུས་མི་དམངས་སྲིད་གཞུང་སོགས་ཚན་པས་མཉམ་དུ་གཉེར་བའི་2024ལོའི་བོད་ལྗོངས་ལྷོ་ཁའི“སེ་འབྲུ་བུམ་པའི”མི་བརྒྱད་ཀྱི་རྩྭ་ཐང་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་སྣེ་གདོང་ཆུས་སུ་འགོ་བཙུགས་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་ནང་ཧུའུ་ནན་དང་། ཧུའུ་པེ། ཀུའེ་ཀྲོའུ། བོད་ལྗོངས་སོགས་ནས་ཡོང་བའི་རྐང་རྩེད་སྤོ་ལོའི་འཐུས་མིའི་རུ་ཁག་9ཡི་རུ་མི་162ཞུགས་ཡོད་ཅིང་། འདི་ནི་འགྲན་བསྡུར་བྱ་ཡུལ་ཡིན་པ།