འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་བཟའ་བཅའི་བདེ་འཇགས་གཞུང་ལས་ཁང་གིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་ཟ་ཁང་དུ་སྟོན་དུས་ཀྱི་བཟའ་བཅའི་བདེ་འཇགས་ལ་མཉམ་འབྲེལ་ཐོག་ཞིབ་བཤེར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་བཤེར་ཚོགས་ཆུང་གིས་སློབ་གྲྭ་ཁག་གི་འགན་ལེན་བདེ་སྲུང་ལས་བྱེད་པ་དང་། བཟའ་བཅའི་བདེ་འཇཌ་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ། བཟའ་བཅའི་བདེ་འཇགས་པ་བཅས་བཀོད་སྒྲིག་དང་། ལས་ཞུགས་མི་སྣའི་བདེ་ཐང་དཔང་ཡིག བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ། བཟའ་བཅའི་དོ་དམ་དང་ཉར་ཚགས། བཟའ་བཅའི་ལས་སྣོན་བརྒྱུད་རིམ། བཟའ་བཅའི་མ་དཔེ་འཇོག་པ། ལྟོ་སྣོད་གཙང་འཁྲུད་དུག་སེལ། ཁོར་ཡུག་འཕྲོད་བསྟེན། སྔོན་འགོག་གསུམ་གྱི་སྒྲིག་བཀོད། སློབ་མའི་འཐུང་ཆུའི་སྤུས་ཚད་ཞིབ་དཔྱད་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་དང་འབྲེལ། དུས་འགོའི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་གྲལ་བཤེར་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ཁྲོད་རྟོགས་བའི་གནད་དོན་དག་ཐེར་དོན་འཁྱོལ་བྱས་མིན་ལ་བསྐྱར་ཞིབ་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད། སྣོད་ཆས་དུག་སེལ་ཚད་ལྡན་མེད་པ་དང་མ་བཅོས་རྒྱུ་ཆའི་ཞིབ་བཤེར་སྙན་ཞུ་ཆ་མི་ཚང་བ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་བར། ཞིབ་བཤེར་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་གནད་དོན་གྱི་གསལ་ཐོ་བཟོས་ནས་དུས་བཀག་ནང་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་དང་། དོ་དམ་མི་སྣར་དུས་བཀག་ནང་བདེ་འཇགས་རང་བཤེར་བྱེད་དགོས་པའི་སྐུལ་མ་བཏང་ནས་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་ལ། སློབ་གྲྭས་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁར་དུས་ཐོག་ཏུ་གྲལ་བཤེར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།