《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月25日

ལས་ཞུགས་ཀྱི་ལས་གནས་མང་བ།

པར་འདི་ནི་ལས་མི་བསྡུ་བའི་འདུ་ཚོགས་གཉེར་ཡུལ་ཡིན་པ།

པར་འདི་ནི་ལས་མི་བསྡུ་བའི་འདུ་ཚོགས་གཉེར་ཡུལ་ཡིན་པ།

ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་སྤྱི་ཅུས་ཀྱིས“ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱེད་པ་དང་། ལས་ཞུགས་ལ་གཞོགས་འདེགས། ལང་ཚོའི་ཕུགས་འདུན་དོན་གཉེར”ཞེས་པའི་2024ལོའི་མཐོ་སློབ་སློབ་ཐོན་སློབ་མའི་སྲིད་ཇུས་སྒྲོག་འགྲེལ་དང་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་གཉེར་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་འབྲེལ་ཡོད་འགན་འཁུར་བས་ལས་ཞུགས་ཁྲོམ་རའི་མིག་སྔའི་གནས་ཚུལ་དང་། ལས་རིགས་ཀྱི་འཕེལ་ཕྱོགས། འབྱུང་འགྱུར་གྱི་ལས་ཞུགས་མདུན་ལམ་སོགས་ཀྱི་གནད་དོན་ལ་དབྱེ་ཞིབ་གསལ་འགྲེལ་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མས་མིག་སྔའི་ལས་ཞུགས་ཁོར་ཡུག་ལ་ངོས་འཛིན་དེ་བས་གསལ་པོ་ཞིག་ཡོང་བར་བྱས་ཡོད། ད་རེས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་ལ་ཚོང་ཁང་ཟ་ཁང་ཡག་ཤོས་འཚོལ་མཁན་དང་། འཁྱུག་དབྱིངས་ནས་རང་ཡུལ་དྲིལ་བསྒྲགས་པ། སྙན་སྒྲོག་པ་གཙོ་བོ། གཉེར་སྐྱོང་ཅིང་ལི། སྲིད་འཛིན་ཆེད་དོན་མི་སྣ། གཉེར་སྐྱོང་ཉོ་སྒྲུབ་སྣེ་ཤན། ཀོག་ཧྥེ་ལག་རྩལ་པ་སོགས་ཁྱབ་ཁོངས་མང་བའི་ལས་གནས་98མཁོ་འདོན་བྱས་པ་དང་། མི་85དང་ལས་ཞུགས་འདོད་འདུན་བཞག་པ་རེད།