《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月25日

བོད་ཀྱིས“ཀྲུང་གོའི་བསྡོམས་རྩིས་སྒོ་འབྱེད་ཉིན་མོ”སྐབས་བཅོ་ལྔ་པའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་23ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར“བསྡོམས་རྩིས་འཕེལ་རྒྱས་ཁ་ཕྱོགས་གསར་པར་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་ཀྱི“ཀྲུང་གོའི་བསྡོམས་རྩིས་སྒོ་འབྱེད་ཉིན་མོ”སྐབས་བཅོ་ལྔ་པའི་བྱེད་སྒོ་ལྷ་སར་སྤེལ་བ་རེད།

བྱེད་སྒོའི་ཐོག་དྲིལ་བསྒྲགས་སྦྱར་ཡིག་འགེལ་བ་དང་། ཐང་ཆེན་གྱི་LEDབརྙན་ཤེལ་ནས་བསྡོམས་རྩིས་བརྟག་དཔྱད་ཀྱི་དྲིལ་བསྒྲགས་བརྙན་ཐུང་སྟོན་པ། བྱ་དགའ་ཡོད་པའི་བསྡོམས་རྩིས་ཤེས་བྱའི་དྲི་བ་འདོན་པ། རྒྱ་བོད་ཡིག་རིགས་གཉིས་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》སོགས་དྲིལ་བསྒྲགས་ལག་དེབ་སྤྲོད་པ། རྒྱ་ཆེའི་གྲོང་མི་ཚོར་བསྡོམས་རྩིས་བརྟག་དཔྱད་ཀྱི་ལས་ཀའི་བརྒྱུད་རིམ་སྒྲོག་འགྲེལ་བཅས་བྱས་པ་མ་ཟད། ལས་དོན་མི་སྣས་སྤྱི་ཚོགས་དང་སྤྱི་དམངས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའམ་གླེང་མང་བའི་གནད་དོན་ལ་ས་གནས་ས་ཐོག་ཏུ་འགྲེལ་བཤད་བརྒྱབ་ནས་མང་ཚོགས་ཚོས་བསྡོམས་རྩིས་བརྟག་དཔྱད་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱས་པ་རེད། ལྷ་སའི་གྲོང་མི་བསོད་ནམས་ཀྱིས་བྱེད་སྒོ་སྤེལ་བ་བརྒྱུད་ལས་སྒྲུབ་དང་འཚོ་བའི་ཁྲོད་ཀྱི་བསྡོམས་རྩིས་བརྟག་དཔྱད་ཀྱི་ནུས་པ་གལ་ཆེན་སྔར་བས་ཤེས་བྱུང་། སླད་ཕྱིན་བསྡོམས་རྩིས་བརྟག་དཔྱད་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་མང་ཙམ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།