《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月24日

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ལོ་གསུམ་བསྟུད་མར“རྒྱལ་ཡོངས་ཀྱི་མ་འཇོག་གཏིང་ཤུགས་ཆེ་བའི་ཆུས་སྟོབས་ཆེན་བརྒྱ”ཡི་གྲས་སུ་ཚུད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ཀྲུང་གོ་གྲོང་ཁྱེར་འབྲིང་ཆུང་འཕེལ་རྒྱས་སྟོན་གྲངས་ཞིབ་འཇུག་དཔྱོད་དོན་ཚོགས་ཆུང་དང་རྒྱལ་ཁབ་ཡིད་རྟོན་མངགས་བཅོལ་མ་འཇོག་ཀུང་སིའི་གྲོང་ཁྱེར་འབྲིང་ཆུང་སྟོན་གྲངས་ཞིབ་འཇུག་ཁང་གིས“2024ལོའི་ཀྲུང་གོའི་གྲོང་ཁྱེར་འབྲིང་ཆུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྟོན་གྲངས་ཞིབ་འཇུག་གྲུབ་འབྲས”མཉམ་དུ་ཁྱབ་བསྒྲགས་བྱས་ཤིང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ལོ་གསུམ་བསྟུད་མར“རྒྱལ་ཡོངས་ཀྱི་མ་འཇོག་གཏིང་ཤུཊ་ཆེ་བའི་ཆུས་སྟོབས་ཆེན་བརྒྱ”ཡི་གྲས་སུ་ཚུད་ཡོད་པ་དང་། དེ་ནི་ཐེངས་འདིའི་མིང་ཐོའི་ནང་ཚུད་པའི་བོད་ཀྱི་རྫོང(ཆུས)འབའ་ཞིག་དེ་ཡིན་པ་རེད།

ཐེངས་འདིའི་མ་འཇོག་གཏིང་ཤུགས་ཆེ་བའི་ཆུས་སྟོབས་ཆེན་བརྒྱ་ཡི་གདེང་འཇོག་བྱ་ཡུལ་ཁྲོད་དུ་པེ་ཅིང་དང་།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

ཧྲང་ཧའེ། ཐེན་ཅིན། ཁྲུང་ཆིང་བཅས་ཐད་སྐྱོང་གྲོང་ཁྱེར་ཆེན་པོ་བཞིའི་གྲོང་ཁྱེར་གཏོགས་ཁོངས་ཕུད་པའི་ཁོངས་གཏོགས་ཤང་གྲོང་དང་བར་མཐོངས་བལྟོས་བཅས་ཀྱིས་རང་ཚུགས་འཕེལ་རྒྱས་འགྲོ་བའི་གྲོང་ཁྱེར་གཏོགས་ཁོངས་ཀྱང་ཚུད་ཡོད་པ་རེད། གདེང་འཇོག་བྱེད་པར་གནས་ཡུལ་གྱི་འགུགས་ཤུགས་དང་། རྒྱུ་རྐྱེན་གཙོ་བོའི་ནུས་པ། འཕེལ་རྒྱས་ཀྱི་གཏིང་ཤུགས། རྒྱུན་མཐུད་གསོན་ཤུགས་བཅས་རིམ་པ་དང་པོའི་དམིགས་ཚད་4དང་རིམ་པ་གཉིས་པའི་དམིགས་ཚད་18གཞིར་བཟུང་གྲོང་ཁྱེར་འབྲིང་ཆུང་གི་གནས་ཡུལ་ཆ་རྐྱེན་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད། ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས། ཚོང་གཉེར་ཁོར་ཡུག་སོགས་ལ་ཕྱོགས་བསྡུས་བསམ་གཞིག་བྱེད་ཀྱི་ཡོད་པ་རེད།

གྲོང་ཁྱེར་གྱི་མ་འཇོག་གཏིང་ཤུགས་ནི་གྲོང་ཁྱེར་དེའི་རྨང་གཞིའི་སྒྲིག་བཀོད་དང་། དཔལ་འབྱོར་གྱི་གསོན་ཤུགས། སྤྱི་ཚོགས་ཀྱི་ཁོར་ཡུག ཁྲོམ་རའི་ཁོར་ཡུག་སོགས་ཕྱོགས་མང་པོའི་ཐད་ཀྱི་ཕྱོགས་བསྡུས་མངོན་ཚུལ་ཡིན། ལྷ་སའི་སྐམ་སའི་གྲུ་ཁའི་རྣམ་པའི་རྒྱལ་ཁབ་ཟོག་འགྲེམས་ལྟེ་བའི་ཁུལ་ཡིན་པའི་ཆ་ནས། སྟོད་ལུང་བདེ་ཆེན་ཆུས་ལ་རང་སྐྱོང་ལྗོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཁྲོམ་རའི་ཚོ་འདུས་དང་རྒྱལ་ཡོངས་སུ་མགྱོགས་མྱུར་ཤར་གཏོང་ཐུབ་པའི་ཟོག་འགྲེམས་ལམ་ཐིག་ཡོད་པས་མ་འཇོག་ལས་དར་དང་རྣམ་གྲངས་འགུག་པའི་ས་ཆ་ཡག་པོ་ཞིག་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཚོང་འགུགས་ཆེན་པོ་དང་ཚོང་པ་ཆེན་པོ་འགུགས་པའི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་རྣམ་གྲངས་ཀྱི་འདུ་ཤེས་དང་། ཞབས་ཞུའི་འདུ་ཤེས། གསར་གཏོད་ཀྱི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་དང་ཆབས་ཅིག ཚོང་འགུགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་དང་། ཚོང་འགུགས་ཀྱི་ཐབས་ལམ་རྒྱ་སྐྱེད། ཚོང་འགུགས་བྱེད་སྟངས་ལེགས་བཅོས། ཚོང་འགུགས་ཞབས་ཞུ་ཞིབ་ཕྲར་གཏོང་བ། རྣམ་གྲངས་ཆེན་པོ་དང་ཁེ་ལས་སྟོབས་ཆེན་བཀུག་ནས་སྤུས་འབོར་མཉམ་འཕེལ་བཅས་བྱས་ཏེ། ཚོང་འགུགས་མ་འདྲེན་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། བསོད་ནམས་བདེ་སྐྱིད་ཆེ་བས་ཞུས)