《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年09月20日

རྩལ་ནུས་ཆེར་གཏོང་དང་ཧྲག་དམག་སྦྱོང་བརྡར་བྱས་ནས་ཆུ་ཁོངས་ཀྱི“བདེ་འཇགས་དྲ་བ”ཚགས་ཚུད་དུ་བཏང་བ།

ཉེ་ཆར་གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་བཅའ་སྡོད་བྱ་ཡུལ་གྱི་ཆུ་ཁོངས་ཀྱི་གནོད་འཚེ་དང་ལས་འཛོལ་གྱི་ཁྱད་ཆོས་ལ་དམིགས་ཏེ་ཆུ་ཁོངས་རོགས་སྐྱོབ་ཀྱི་དངོས་འཐབ་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་པ་རེད། དེ་དང་ཆབས་ཅིག་ཐབས་ལམ་མང་པོར་བརྟེན་ནས་འབྲུབ་འགོག་གེགས་སེལ་གྱི་ཤེས་བྱའི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ཆུ་ཁོངས་རོགས་སྐྱོབ་ཀྱི་འཕྲལ་སྡོམ་ནང་སྦྱོང་ཐེངས་4དང་འབྲུབ་འགོག་ཤེས་བྱ་དྲིལ་བསྒྲགས་ཐེངས་2བྱས་པར་མང་ཚོགས་1000ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད།

↑འདི་ནི་གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱི་དཔོན་དམག་གིས་གཞིས་རྩེ་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་གྲོང་མིར་ཆུ་ཁོངས་རོགས་སྐྱོབ་བྱ་ཐབས་སློབ་བཞིན་པ།

→འདི་ནི་གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱི་དཔོན་དམག་གིས་གཞིས་རྩེ་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་གྲོང་མིར་ཆུ་ཁོངས་རོགས་སྐྱོབ་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།