ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་རིང་།
རང་རྒྱལ་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཤིང་། མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་རྒྱུན་ཆད་མེད་པར་བྱས་ཏེ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྐས་རིམ་གསར་པར་སླེབས་ཡོད།
དམངས་འཚོར་མ་དངུལ་ཆེར་གཏོང་གིས། དམངས་འཚོའི་རྨང་གཞི་བརྟན་དུ་བཏང་།
2023ལོར།
རྒྱལ་ཡོངས་སུ་ལས་ཞུགས་མི་གྲངས་ཁྲི་74041ཟིན་པ་དེ་1949ལོ་ལས་ལྡབ་3.1འཕར་བ།
2013ལོ་ནས་2023ལོའི་བར།
གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་ལས་ཞུགས་ཐུབ་པའི་མི་གྲངས་རིམ་རྩིས་
བརྒྱབ་ན་དུང་ཕྱུར་1.4ལྷག་ཙམ་ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་
ཤོར་བརྟག་དཔྱད་བྱེད་ཚད་བརྟན་པོ་རྒྱུན་འཁྱོངས་བྱུང་བ།
ཐོན་ལས་གྲུབ་ཆར་ལེགས་སྒྲིག་གཏིང་ཟབ་བྱུང་བ་དང་བསྟུན་ནས་ལས་ཞུགས་ཀྱི་
གྲུབ་ཆ་ལེགས་སུ་རྒྱུན་ཆད་མེད་པར་ཕྱིན་ཡོད།
2023ལོར་ཐོན་ལས་གཉིས་པར་ལས་ཞུཊ་ཐུབ་མཁན་གྱིས་རྒྱལ་ཡོངས་ཀྱི་ལས་ཞུཊ་མི་སྣའི་བསྡུར་ཚད་ཀྱི་29.1%ཟིན་པ་དེ་1952ལོ་ལས་བརྒྱ་ཆའི་གྲངས་21.7འཕར་བ་དང་།
ཐོན་ལས་གསུམ་པའི་ལས་ཞུགས་ཐུབ་མཁན་གྱིས་རྒྱལ་ཡོངས་ཀྱི་ལས་ཞུགས་མི་སྣའི་བསྡུར་ཚད་ཀྱི་48.1%ཟིན་པ་དེ་1952ལོ་ལས་བརྒྱ་ཆའི་གྲངས་39.0འཕར་ཡོད།
ད་ལོའི་ལོ་སྟོད་དུ།
སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་22697ཟིན་པ་དེ་དུས་མཚུངས་ལས་4.2%འཕར་བ་དང་།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་གཏོང་སྒོ་སྒོར་དུང་ཕྱུར་10472ཟིན་པ་དེ་དུས་མཚུངས་ལས་8%འཕར་བ།
སློབ་གསོར་མ་དངུལ་སྒོར་དུང་ཕྱུར་20291བཏང་བ་དེ་དུས་མཚུངས་ལས་0.6%འཕར་ཡོད།