ཟླ་9ཚེས་15ཉིན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས། བོད་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པའི་2024ལོའི་ཀྲུང་གོའི་ལུས་སྦྱོང་སྒོར་གཞས་འགྲན་བསྡུར་ཆེན་པོ་ལྷ་སར་གཉེར་ཞིང་། ཁྱོན་རུ་ཁག་26(ལྗོངས་ཕྱིའི་རུ་ཁག་6དང་ལྗོངས་ནང་ཁུལ་གྱི་རུ་ཁག་20)གི་མི་400ལྷག་ཙམ་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།