སློབ་དུས་གསར་པ་འགོ་ཚུགས་མ་ཐག་ཝུའུ་ལུའུ་མུའུ་ཆིའི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་སློབ་གྲྭར་བསྐྱོད་དེ་གསོན་ཉམས་དོད་ལ་སྤྲོ་སྣང་ལྡན་པའི་རོལ་རྩེད་བྱེད་སྟངས་སྤྱད་ནས་སློབ་མས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཕྱིར་སྐྱོད་ཤེས་བྱ་སྦྱོང་བར་སྣེ་ཁྲིད་དང་བདེ་འཇགས་ཡ་རབས་ཀྱི་ཕྱིར་སྐྱོད་འདུ་ཤེས་དར་སྤེལ་བཏང་ནས“ཉེན་ཁ་ཚོར་ཐུབ་པ་དང་ཉེན་ཁ་ལས་གཡོལ་ཤེས་པ་བྱེད་པའི”སློབ་མའི་རང་ངོས་འགོག་སྲུང་གི་ནུས་པ་ཆེ་རུ་བཏང་ཡོད། འདི་ནི་ཤིན་ཅང་སློབ་གསོའི་སློབ་གླིང་ཚོད་ལྟའི་སློབ་ཆུང་གི་སློབ་གྲྭའི་ནང་སློབ་མ་རྣམས་ཀྱིས་འགྲིམ་འགྲུལ་བདེ་འཇགས་ཤེས་བྱའི་དྲི་བར་ལན་འདེབས་པའི་བྱེད་སྒོར་ཞུགས་བཞིན་པ།